གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ བཛྲ་གུ་རུ་དུང་སྒྲུབ་གྲོལ་ཡོདཔ།



མོང་སྒར་རྩེད་ཐང་ནང་ 
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ 
དངོས་གྲུབ་བླངས་བ་དང་ ནང་རྟེན་ཚུ་གི་ དབང་གནང་པའི་བསྒང་།
ཟླ་༤ པའི་ཚེས་༢༣། ༉ མོང་སྒར་ལུ་ བཛྲ་གུ་རུ་དུང་སྒྲུབ་ཀྱི་ སྒྲུབ་ཆེན་གནང་མི་དེ་ ཁ་ཙ་དྲོ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དད་ཅན་སྐྱ་སེར་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ དངོས་གྲུབ་བླངས་དབང་དང་ ནང་རྟེན་ཚུ་གི་དབང་ གནང་ཐོག་ལས་གྲོལ་གནང་ཡི།


དེ་གི་ཤུལ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་པ་ལུ་ བྱོན་གནང་ཡི།
མོང་སྒར་ལུ་ བཛྲ་གུ་རུ་དུང་སྒྲུབ་ཀྱི་ སྒྲུབ་ཆེན་མཇུག་བསྡུ་ཞིནམ་ལས་ མི་དབང་ཡབ་སྲས་རྣམ་༢ དང་ སྐུ་འཁོར་ལྷན་རྒྱས་ དེ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ སྐུ་ཚེ་བསྐལ་བརྒྱར་བརྟན་ཐབས་ལུ་ ཉིནམ་༣ གྱི་རིང་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་ འགོ་བཙུགས་ཅི།
དེ་གི་ཤུལ་ལས་ འཕྲོ་མཐུད་དེ་ར་ ཞབས་དྲུང་སྐུ་མཆོད་ཚུ་ རྒྱལ་ཁབ་ཀྱི་ ཞི་བདེ་ལུ་དམིགས་ཏེ་ འཇིག་རྟེན་དབང་ཕྱུག་འབུམ་བསག་གནང་ནི་ཨིན་པས།
ཆོས་ཕྱོགས་ཀྱི་ལས་རིམ་དེ་ མོང་སྒར་རྫོང་ཁག་གི་ ཆོས་མཐུན་ཚོགས་པ་གིས་གཙོས་པའི་ ཁྲོམ་ཁའི་ཚོགས་པ་དང་ དད་ཅན་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment