གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌོག་ཊར་སྟོབས་རྒྱས་སློབ་གྲྭ་གིས་ བློ་གསལ་གླིང་སློབ་གྲྭ་ ཕམ་བཏང་ཡོདཔ།

ཟླ༤ པའི་ཚེས་༢༥

སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།
༉ ཐིམ་ཕུ་ཁྲོམ་སྡེ་གིས་ ན་གཞོན་དཔལ་རི་རྩེད་ཁང་ནང་སྦེ་ ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་བར་ན་ བཱསི་ཀེཌ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་མིའི་ནང་ ཁ་ཙ་ ཌོག་ཊར་སྟོབས་རྒྱས་འབྲིང་རིམ་སློབ་གྲྭ་བར་མ་དང་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་བར་ན་ རྩེད་འགྲན་འབདཝ་ད་ ཌོག་ཊར་སྟོབས་རྒྱལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡ མ་འགྱོཝ་ལས་ ཌོག་ཊར་སྟོབས་རྒྱས་འབྲིང་རིམ་སློབ་གྲྭ་བར་མ་གིས་ བཱོལ་ཚར་༢ བཙུགས་ཡོདཔ་བཞིན་དུ་ ཀོ་ཊར་ཐེངས་དང་པའི་ནང་ སྐུགས་༡༣ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༦ ལས་བརྒལ་ཐོབ་མ་ཚུགས།
ཨིན་རུང་ ཀོ་ཊར་ཐེངས་༢ པའི་ནང་ བློ་གསལ་གླིང་བུཚ་ཚུ་གིས་ དོ་འགྲན་སྒྲིང་སྒྲིང་འབད་དེ་ བཱོལ་༡ ཤུལ་གཉིས་བཙུགས་ཏེ་ སྐུགས་༩ ཐོབ་ཡོདཔ་ན་ བར་མཚམས་ལས་ ཌོག་ཊར་སྟོབས་རྒྱས་ སྡེ་ཚན་གྱིས་ སྐུགས་༡༢ བཟོ་བའི་སྐབས་ལུ་ གཞན་མི་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས།
མཇུག་གི་ཀོ་ཊར་ནང་ བློ་གསལ་གླིང་སྡེ་ཚན་གྱིས་ སྐུགས་༢༡ ལས་ཐོབ་མ་ཚུགསཔ་ད་ རྒྱལ་ཁ་ཐོབ་མི་ཌོག་ཊར་སྟོབས་རྒྱས་སློབ་གྲྭ་གིས་ སྐུགས་༤༣ ཐོབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment