གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇའི་སྒང་གི་ཚོང་ཁང་ཚུ་ནང་ རུ་པི་རྐྱངམ་གཅིག་ ངོས་ལེན་འབད་ནི་ཟེར་བའི་བརྡ་བྱང་།

ཟླ་༤ པའི་ཚེས་༢༧

༉ ད་ལས་ཕར་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཉོ་ཚོང་རྐྱབ་པར་འགྱོཝ་ད་ རྒྱ་གར་གྱི་ཏི་རི་ རུ་པི་མེད་པ་ཅིན་ ཅ་ཆས་ག་ནི་ཡང་ ཐོབ་མི་ཚུགས་ནི་་ཨིན་པས།


དེ་ཡང་ ཇའི་སྒང་གི་ ཚོང་ཁང་ནང་ལས་ཕར་ པར་སྐྲུན་དང་ ལགཔ་གིས་བྲིས་ཐོག་ལས་  འབྲེལ་སྟེགས་ཀྱི་ བྱང་དང་ འཛུལ་སྒོ་ དེ་ལས་ ཚོང་ཁང་གི་སྒོ་ཚུ་གུ་ རུ་པི་སྤྲོད་དགོ་པའི་བརྡ་བྱང་ཚུ་ སྦྱར་བཞག་མི་ལུ་བརྟེན་ཏེ་ཨིན་པས།
ཚོང་པ་ལ་ལུ་ཅིག་གིས་ དངུལ་ཀྲམ་༥༠༠ འོག་རྒྱུ་འབད་མི་ དངུལ་ལོར་ཚུ་ འཕྲོ་མཐུད་དེ་ར་ ངོས་ལེན་འབད་དོ་ཡོདཔ་ད་ ས་མཚམས་ ཇའི་སྒང་གི་ཚོང་ཁང་ མང་ཤོས་ཅིག་གིས་ འདི་བཟུམ་གྱི་བརྡ་བྱང་ཚུ་ སྦྱར་ཡོདཔ་ཨིན་པས།
ཇའི་སྒང་གི་ཚོང་པ་ལ་ལུ་ཅིག་གིས་ རུ་པི་གི་དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་སྐྱེད་དེ་འབད་རུང་ ཇའི་སྒང་ཚོང་པའི་ཚོགས་སྡེ་གིས་ དངུལ་ཀྲམ་ཚུ་ལུ་ ངོས་ལེན་མི་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ ཟེར་ཨིན་པས།
ཚོང་པ་ཚུ་གིས་གིས་འབད་བ་ཅིན་ ཁོང་ལུ་ དངུལ་ཀྲམ་མ་ལེན་པར་ གདམ་ཁ་མེད་དེ་འབད་རུང་ འབྲུག་པའི་ཚོང་མགྲོན་པ་ཚུ་གིས་ རུ་པི་འབག་འོང་དགོ་པའི་སྐོར་ལས་ ཨུ་ཚུགས་ བསྐྱེད་དོ་ཟེར་ཨིན་པས།
གོ་ལའི་ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ འབྲུག་པའི་དངུལ་ཀྲམ་ཚུ་ ཁོ་ལུ་ ཤོག་ཀུ་བཟུམ་ཅིག་གི་ ཚོར་སྣང་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
གསལ་སྟོན་བརྡ་བྱང་དེ་ལུ་བལྟ་བ་ཅིན་ འབྲུག་པའི་ཚོང་མགྲོན་པ་ཚུ་ མང་ཤོས་ར་ འོང་མི་བཅུག་ནིའི་ ཉེན་བརྡ་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ སྐྱེས་ལོ་༢༨ འབད་མི་ཅིག་གིས་ བཤད་མིའི་ནང་ ཇའི་སྒང་གི་ཚོང་ཁང་གི་ འཛུལ་སྒོ་དང་ སྒོ་ དེ་ལས་ བྱང་ཚུ་གུ་ འདི་བཟུམ་གྱི་ བརྡ་བྱང་ སྦྱར་བཞག་མི་དེ་ བུང་འགམ་སི་སི་ཅིག་ཨིནམ་ལས་ ཚོང་ཉོ་ནི་བཞག་སྟེ་ ཕུན་ཚོགས་གླིང་ལུ་ ལོག་འོང་དགོཔ་ཐོནམ་མས་ཟེར་ ཨིན་མས།
ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིག་ སྣུམ་འཁོར་གྱི་ སོར་ཐེབས་ཅ་ཆས་ཚུ་ འབྲུག་ནང་འཁོད་ལས་ ཉོ་ས་མེད་ནི་དེ་གིས་ ཐབས་ར་མེད་པར་ ཇའི་སྒང་གི་ ཚོང་ཁང་ཚུ་ལས་ ཉོ་དགོཔ་བྱུངམ་མས་ཟེར་ཨིན་པས།
དངུལ་ཀྲམ་ཚུ་སྤྲོད་པའི་སྐབས་ སོར་ཐེབས་ཅ་ཆས་ཀྱི་ གནས་གོང་ངོ་མ་ལས་ ཐེབས་སྤྲོད་དེ་ ཉོ་དགོཔ་བྱུངམ་མས་ཟེར་ སྐྱེས་ལོ་༣༢ ལང་མི་ ལྷུན་གྲུབ་ཀྱིས་བཤདཔ་ཨིན་པས།
ཇའི་སྒང་གི་ ཚོང་ཁང་ཚུ་ནང་འགྱོ་མི་ཚུ་ མང་ཤོས་ར་ རྫོང་ཁག་སོ་སོ་ཚུ་ནང་ལས་ ཚོང་ཉོ་བར་ འོང་མི་ཚུ་ཨིནམ་ལས་ གནས་སྟངས་དེ་གིས་ གནས་ཚུལ་ངན་པ་ཅིག་ལུ་ འགྱུར་ཡོདཔ་ཨིན་པས།
ཚོང་ཁང་ལ་ལུ་ཅིག་གིས་ འབྲུག་པའི་ཚོང་མགྲོན་པ་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་སྟེ་ ཡུན་རིངམོ་སོང་མི་ཚུ་ལས་ དངུལ་ཀྲམ་ཚུ་ ངོས་ལེན་འབད་ཞིནམ་ལས་ ལོག་ཤུལ་ལས་འབདན་ རུ་པི་འབག་འོང་དགོཔ་སྦེ་ སླབ་བཏང་དོ་ཡོདཔ་ཨིན་པས།
ཁོང་གི་ཚོང་ཁང་དེ་ བསིལ་ཚོང་འཐབ་མི་ ཚོང་ཁང་ ཆུང་ཀུ་ཅིག་ འབད་ནི་དེ་གིས་ རང་གིས་འབད་ འཚོ་ཐབས་ འབད་དགོཔ་ཡོདཔ་ལས་ ང་བཅས་ཀྱིས་ དངུལ་ལོར་༡༠༠ མན་ཆད་འབད་མི་ཚུ་ ངོས་ལེན་འབད་དགོཔ་ ཐོནམ་མས་ཟེར་ ཚོང་པ་ཅིག་གིས་ བཤདཔ་ཨིན་པས།
འབྲུག་པའི་ཚོང་མགྲོན་པ་ཚུ་གི་དོན་ལུ་ བརྗེ་སོར་འཕྲུལ་ཆས་ཅིག་ བཙུགས་སྒྲིག་འབད་ནིའི་ ཐབས་ལམ་ཚུ་བཏོན་དོ་ཟེར་ ཚོང་པ་ཅིག་གིས་ བཤདཔ་ཨིན་པས།
གོ་ལའི་ཚོང་པ་ཅིག་གིས་འབད་བ་ཅིན་ ཨ་ཟིགསི་དངུལ་ཁང་ནང་ བརྗེ་སོར་འཕྲུལ་ཆས་ ཉོ་ནིའི་དོན་ལུ་ གྲོས་གཞི་ཚུ་བཙུགས་ཡོདཔ་ལས་ འཕྲུལ་ཆས་དེ་ འཕྲལ་རང་ལྷོད་ནིའི་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ འཕྲུལ་ཆས་དེ་ལྷོད་ཞིནམ་ལས་ འབྲུག་པའི་ཚོང་མགྲོན་པ་ མང་སུ་འོང་ནིའི་རེ་བ་ཡོད་ཟེར་ཨིན་པས།
ཇའི་སྒང་གི་ ཚོང་པ་ཚུ་གིས་ ས་གནས་ཁར་ དངུལ་བརྗེ་སོར་ཁང་ཅིག་དགོ་པའི་སྐོར་ལས་ རྒྱ་གར་ མངའ་སྡེའི་དངུལ་ཁང་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
ད་ལྟོ་ ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ་ལས་ གལ་སྲིད་གྲོས་གཞི་ཕུལ་མི་ཚུ་ མཐར་འཁྱོལ་བྱུང་པ་ཅིན་ གོང་གིས་ ད་རུང་འབྲུག་པའི་ ཚོང་མགྲོན་པ་དང་གཅིག་ཁར་ ཚོང་འབྲེལ་ཚུ་ ཧེ་མ་བཟུམ་སྦེ་ར་འཐབ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment