གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་གི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

ཟླ་༤ པའི་ཚེས་༢༧

མོང་སྒར་ལུ་ རྐྱེན་ངན་འཛིན་སྐྱོང་གི་ སྦྱོང་བརྡར་འབད་བའི་བསྒང་།
༉ རང་བཞིན་གྱི་ རྐྱེན་ངན་ཚུ་བྱུང་བའི་སྐབས་ གདོང་ལེན་འབད་ནིའི་དོན་ལུ་ བསླབ་བཀོད་དང་ འཛིན་སྐྱོང་ལྕོགས་གྲུབ་ཡར་དྲག་ གཏང་ཐབས་ལུ་དམིགས་ཏེ་ མོང་སྒར་ལུ་སྦེ་ ཉིན་གྲངས་༣ གྱི་རིང་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།


སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ རྫོང་ཁག་༡༠ ལས་ རྐྱེན་ངན་འཛིན་སྐྱོང་གི་ འབྲེལ་ཡོད་འགོ་དཔོན་༣༠ དེ་ཅིག་གིས་ ཉིན་གྲངས་༣ གྱི་རིང་ འབྱུང་བ་༤ ལུ་བརྟེན་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ གདོང་ལེན་འབད་ཐངས་དང་ འཛིན་སྐྱོང་འཐབ་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་ཁབ་ཚུ་ནང་ རང་བཞིན་གྱི་རྐྱེན་ངན་ དཔེ་འབད་བ་ཅིན་ ས་རུད་དང་ ཆུ་རུད་ མེ་རྐྱེན་ དེ་ལས་ ས་ཡོམ་ལ་སོགས་པ་ཚུ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ད་ འབྲུག་བཟུམ་ཅིག་ནང་འབད་རུང་ རྐྱེན་ངན་ཚུ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་འགྱོ་ནི་དེ་གིས་ གདོང་ལེན་འབད་དགོཔ་ སྦོམ་ཡོདཔ་ཨིན་པས།
རྐྱེན་ངན་ཚུ་གི་སྐབས་ལུ་ མི་སྟོབས་ཀྱི་ལྕོགས་གྲུབ་ ངེས་པར་དུ་ དགོཔ་ཁག་ཆེཝ་ལས་བརྟེན་ ད་ལས་ཕར་ དེ་བཟུམ་མའི་ རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ གདོང་ལེན་འབད་ནི་དང་ མི་སྟོབས་ཀྱི་ལྕོགས་གྲུབ་ ཡར་དྲག་གཏང་ནི་ དེ་ལས་ གྲོགས་རམ་ཚུ་ གང་དྲག་འབྱིན་ནི་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ རང་བཞིན་གྱི་རྐྱེན་ངན་ཚུ་ ནམ་འབྱུང་ནི་ཨིན་ན་ ག་གིས་ཡང་ སླབ་མ་ཤེསཔ་ལས་ དུས་ནམ་རང་འབད་རུང་ གྲ་སྒྲིག་ཐོག་ སྡོད་དགོཔ་ལས་ སྦྱོང་བརྡར་ལས་རིམ་དེ་གིས་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྐྱེན་ངན་ཚུ་འབྱུང་བའི་སྐབས་ལུ་ བསླབ་བཀོད་བྱིན་ནི་དང་ ཆ་རོགས་འབད་ནི་ དེ་ལས་ འཛིན་སྐྱོང་འཐབ་ཐངས་ཚུ་གི་སྐོར་ལས་ སྤྱི་ལོ་༡༩༧༠ དེ་ཅིག་ལུ་ ཨེ་མི་རི་ཀའི་ནགས་ཚལ་ཞབས་ཏོག་གིས་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ རྐྱེན་ངན་འཛིན་སྐྱོང་ལས་རིམ་གྱི་ སྦྱོང་བརྡར་དེ་ འགོ་དང་པ་ ནུབ་ཕྱོགས་རྫོང་ཁག་༡༠ གྱི་དོན་ལུ་ ན་ཧིང་ སྤ་རོ་ལུ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པས།
སྦྱོང་བརྡར་དེ་ཡང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ ཨེ་མི་རི་ཀའི་ནགས་ཚལ་ཞབས་ཏོག་སྡེ་ཚན་ དེ་ལས་ ཨེ་ཤི་ཡ་རྐྱེན་ངན་འཛིན་སྐྱོང་གྲ་སྒྲིག་ལྟེ་བ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment