གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་དཔལ་ལའི་ ཡན་ལག་ཁྲོམ་ རྒྱ་བསྐྱེད་ཀྱི་འཆར་གཞི།

ལོ་ངོ་༥༠ ལྷགཔ་ཅིག་གི་ཧེ་མར་ཆགས་མི་ དར་དཀར་དཔལ་ལའི་ ཡན་ལག་ཁྲོམ།
ཟླ་༤ པའི་ཚེས་༢༣། ༉ དར་དཔལ་ལའི་ ཡན་ལག་ཁྲོམ་དེ་ ལོ་ངོ་བཅུ་ཕྲག་༥ ལྷགཔ་ཅིག་གི་རིང་ ཚོང་ཁང་རོ་འཁོགས་ཚུ་དང་བཅསཔ་སྦེ་ གནས་པའི་ཤུལ་ལས་ རྒྱ་བསྐྱེད་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ དར་དཀར་ནང་རྫོང་ཁག་ནང་ གཟིགས་སྐོར་གནང་པའི་སྐབས་ བཙན་དར་སྒང་རྒེད་འོག་གི་ མི་སེར་ཚུ་ལུ་ དར་དཀར་དཔལ་ལའི་ ཁྲོམ་རྒྱ་བསྐྱེད་ཀྱི་གྲོས་འཆར་ གང་མགྱོགས་སྦེ་ བཙུག་དགོ་པའི་ བཀའ་སློབ་གནང་ནི་དེ་གིས་ཨིན་ཟེར་ རྒཔོ་བཱལ་བྷ་དུར་ རཱཊ་ན་གིས་ སླབ་ཨིན་པས།
དར་དཀར་དཔལ་ལ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་དང་ མི་རློབས་ལངམ་སྦེ་ ཡོད་མི་ལུ་བརྟེན་ གཞུང་ལས་ཡང་ ཁྲོམ་གོང་འཕེལ་གཏང་ནི་གི་འཆར་གཞི་ ཧེ་མ་ལས་ར་ ཡོད་པའི་སྐོར་ལས་ཡང་ གསུངས་གནང་དེས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
བཱལ་བྷ་དུར་ རཱཊ་ན་གིས་འབད་བ་ཅིན་ ཁྲོམ་སྡེ་གོང་འཕེལ་གྱི་ གྲོས་འཆར་དེ་ ཁྲོམ་སྡེ་བརྒྱུད་དེ་ རྫོང་ཁག་ཚོགས་འདུའི་ནང་བཙུགས་ཏེ་ གྲོས་བསྡུར་འབད་ནི་ཟེར་ཨིནམ་ད་ ཧེ་མར་ཡང་ ཁྲོམ་གོང་འཕེལ་ གནད་དོན་སྐོར་ལས་ ལན་ཐེངས་མང་རབས་ཅིག་ རྫོང་ཁག་ཚོགས་འདུའི་ནང་ བཙུགས་ཡོད་རུང་ གྲུབ་འབྲས་ཅིག་ ག་ནི་ཡང་ བྱུང་མ་ཚུགས་ཟེར་ བཤདཔ་ཨིན་པས།
དར་དཀར་དཔལ་ལ་དེ་ དར་དཀར་ནང་ཁྲོམ་བཟུམ་མེན་པར་ བཙན་དར་སྒང་དང་ སྒོ་ཤིང་ བཀྲིས་ལྡིང་ གེ་སར་གླིང་ རྡོ་རོ་ན་རྒེད་འོག་ལྟེ་བ་༥ གི་སྦུག་ལུ་ ཆགས་ཡོད་ནི་དེ་གིས་ ཚོང་འབྲེལ་གྱི་ གོ་སྐབས་རྒྱ་ཆེཝ་སྦེ་ཡོད་པའི་ཁར་ རྒྱ་བསྐྱེད་འབད་ནི་གི་ འོས་འབབ་ཡང་ཡོད་ཟེར་ རབཱལ་བྷ་དུར་ རཱཊ་ན་གིས་ བཤདཔ་ཨིན་པས།
ད་རུང་ ལྷ་མོའི་རྫིང་ཁ་དང་ དར་དཀར་ནང་གི་ གཞུང་ལམ་དེ་ དར་དཀར་དཔལ་ལ་བརྒྱུད་དེ་ བསལ་ཚར་བའི་ཤུལ་ལུ་ ཁྲོམ་སྡེ་གོང་འཕེལ་འགྱོ་ནི་གི་ འོས་འབབ་ཡོད་ཟེར་ རྫོང་ཁག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དར་དཀར་དཔལ་ལ་ཁྲོམ་ནང་ ཐོག་༡ འབད་མི་ གནས་སྐབས་ཀྱི་ ཁྱིམ་རྐྱབ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ ལེ་ཤ་ཐོན་ཡོད་རུང་ ཁྲོམ་རྒྱ་བསྐྱེད་འབད་ནི་གི་ རེ་བ་བསྐྱེད་དེ་ རྒེད་འོག་བདག་སྐྱོང་གིས་ གནང་བ་བྱིན་མ་ཚུགས་ཟེར་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ སླབ་ཨིན་པས།
ད་ལྟོ་ ཚོང་ཁང་ཆུང་ཀུ་༤༠ དེ་ཅིག་ཡོད་མི་ཚུ་གིས་ རྒེད་འོག་༥ ནང་ཡོད་མི་ སློབ་གྲྭ་དང་ ཡིག་ཚང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་གཙོས་པའི་ མི་སེར་༡༠,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ རྒེད་འོག་༥ གི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ དར་དཀར་དཔལ་ལ་ལུ་ འབྲུག་གི་དངུལ་ཁང་ཡན་ལག་ཅིག་ དགོ་པའི་སྐོར་ལས་ ད་རུང་ རྫོང་ཁག་ཚོགས་འདུའི་ནང་ གྲོས་འཆར་བཙུག་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ དར་དཀར་ནང་ཁྲོམ་ཁར་ཡོད་མི་ འབྲུག་གི་དངུལ་ཁང་དེ་ དར་དཀར་དཔལ་ལ་ལས་ ཀི་ལོ་མི་ཊར་༤༧ གྱི་ས་ཁར་ཡོད་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

No comments:

Post a Comment