གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་འཛུགས་འབད་ནིའི་དོན་ལུ་ མི་སེར་ཚུ་ལས་ མཉམ་འབྲེལ་མེདཔ།

ཟླ་༤ པའི་ཚེས་༣༠

༉ བུམ་ཐང་ཨུ་ར་རྒེད་འོག་ ཤིང་གཉེར་གཡུས་ཚན་ནང་ མི་ངན་ཚུ་གིས་ ས་འཇལ་འཕྲུལ་ཆས་ཅིག་གུ་ ཨ་བ་གཏོར་བཞག་མི་ལུ་ རྫོང་ཁག་བདག་སྐྱོང་གི་ བཀོད་བྱ་དང་འཁྲིལ་ཏེ་ རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབད་ཡོདཔ་ཨིན་རུང་ ས་གནས་ཀྱི་ མི་སེར་ཚུ་གིས་ མཉམ་འབྲེལ་འབད་མ་བཏུབ་མི་ལུ་བརྟེན་ དོགས་པ་ཅན་ལུ་ དྲི་ཞིབ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།


ཨུ་ར་རྒེད་འོག་བདག་སྐྱོང་འགོ་དཔོན་ ལས་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་ འདས་པའི་བདུན་ཕྲག་ནང་ ཤིང་གཉེར་ལུ་སོང་སྟེ་ མི་སེར་ཚུ་དང་ འཛོམས་འདུ་ཅིག་ འཚོགས་ཡོད་རུང་ མི་ཚུ་གིས་ བྱ་ངན་འབད་མི་ དོགས་ཅན་གྱི་ མིང་བཏོན་མ་བཏུབ་ལས་ དོགས་ཅན་དེ་ལུ་ དྲི་དཔྱད་འབད་ཐབས་ མ་བྱུང་ཟེར་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ རྫོང་ཁག་གི་ ས་འཇལ་འགོ་དཔོན་ཚུ་ ཤིང་གཉེར་གཡུས་ཚན་ནང་ ནང་སྒར་དང་ ཨུ་རའི་གཞུང་ལམ་ནང་ སྒེར་དབང་ས་ཆ་ཚུད་མི་ཚུ་ལུ་ ས་ཚབ་སྤྲོད་ནིའི་དོན་ལུ་ ས་འཇལ་བར་སོང་བའི་སྐབས་ མི་བཀྲ་མ་ཤིསཔ་ཚུ་གིས་ ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་བཞག་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ ས་འཇལ་འགོ་དཔོན་ཚུ་གིས་ གཞུང་ལམ་གྱི་འོག་ལུ་ཚུད་མི་ སྒེར་ས་དེ་ ཇོ་བདག་ལུ་ ཉེ་འདབས་ལས་ ས་ཚབ་སྤྲོད་ནི་སྦེ་ ས་འཇལ་ནི་འབདཝ་ད་ གཡུས་མི་གཞན་ཅིག་གིས་ ཁོ་གི་ཨིན་ཟེར་ ཐོབ་བརྗོད་བཀོད་དེ་ རྩོད་རྙོགས་ཐོན་ཡོདཔ་ལས་ ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་མི་དེ་ ས་ཆ་ཐོབ་བརྗོད་བཀོད་མི་ལུ་ དོགས་པ་ཆགས་ནུག་ཟེར་ཨིན་པས།
ཤིང་གཉེར་ཚོགས་པ་ ཨོ་རྒྱན་གྱིས་ ཞིབ་དཔྱད་འབད་མི་ཚུ་ལུ་ དོགས་ཅན་དེ་གི་ མིང་བྲིས་ཏེ་ ཡི་གུ་བསྐྱལ་ཡོདཔ་ཨིན་རུང་ གཡུས་ཁའི་མི་ཚུ་གིས་ ངོས་ལེན་ཡོད་པའི་ མིང་རྟགས་ག་ནི་ཡང་ མ་བཀོད་པར་ ལོག་བཏང་ནུག་ཟེར་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཚོགས་པ་ཨོ་རྒྱན་གྱིས་ སླབ་མིའི་ནང་ གཡུས་ཁའི་མི་ཚུ་གིས་ དོགས་པ་ག་ལུ་ཡོདཔ་ཨིན་ན་ ཤེས་གསལ་བྱུང་ཡོད་རུང་ དོགས་པ་ཁོ་ལུ་ཡོད་ཟེར་བའི་ ངོས་ལེན་གྱི་ མིང་རྟགས་བཀོད་མི་བཏུབ་པས་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ མི་ངོ་༢ ཀྱིས་མ་གཏོགས་ དོགས་པ་ཅན་ལུ་ ཉེས་འཛུགས་འབད་ནི་གི་ ཡི་གུ་ནང་ མིང་རྟགས་བཀོད་མ་བཏུབ་པས།
དེ་འབདཝ་ལས་ ཚོགས་པ་གིས་ ཞིབ་དཔྱད་འབད་མི་དེ་ རྫོང་ཁག་ལས་འོང་པ་ཅིན་ བྱ་ངན་འབད་མི་དེ་ལུ་ དྲི་དཔྱད་འབད་ཚུགས་ནི་མས་ཟེར་ཨིན་པས།
བུམ་ཐང་རྫོང་བདག་ སངས་རྒྱས་འཕྲིན་ལས་ཀྱིས་ འདས་པའི་དྲི་བཀོད་ནང་ བྱུང་རྐྱེན་དེ་གི་སྐོར་ལས་ རྫོང་ཁག་གི་ ས་འཇལ་འགོ་དཔོན་ཚུ་གིས་ སྙན་ཞུ་འབད་བའི་ཤུལ་ལས་ རྒེད་འོག་བདག་སྐྱོང་ལུ་ ཞིབ་དཔྱད་འབད་དེ་ དོགས་པ་ཅན་ག་ཨིན་ན་ བཏོན་དགོ་པའི་སྐོར་ ཡི་གུ་བཏང་ཡོདཔ་ལས་ ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment