གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་འབྲུག་གི་ མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་ དུས་མཐུན་བཟོ་ཡོདཔ།

ཟླ་༤ པའི་ཚེས་༢༨

༉ ཁ་ཙ་ རྒྱ་འབྲུག་གི་ མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་ཚུ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་དང་ རྒྱ་གར་གྱི་མཉམ་ལས་ཚོགས་སྡེ་གཉིས་ཀྱི་བར་ན་ དུས་མཐུན་བཟོ་ཡོདཔ་ཨིན་མས།


ཟུང་ཕྱོགས་མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་དེ་ རྒྱལ་ཁབ་གཉིས་ཀྱི་བར་ནའི་ རྒྱལ་སྤྱིའི་ མཁའ་འགྲུལ་ཚོང་འབྲེལ་སྐྱེལ་འདྲེན་འབད་ཆོག་པའི་སྐོར་ལས་ བཟོ་ཡོདཔ་ཨིན་པས།
མཁའ་འགྲུལ་ཆིངས་ཡིག་ནང་ དུས་ཚོད་བྱིན་མིའི་ནང་ གནམ་གྲུ་ག་དེམ་ཅིག་འཕུར་འགྲུལ་ འབད་ཆོགཔ་ཨིན་ན་ཚུ་གི་སྐོར་ལས་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ གནད་དོན་ཚུ་ནང་ འབྲུག་དང་ རྒྱ་གར་གྱི་བར་ནའི་ གནམ་གྲུ་འཕུར་འགྲུལ་གྱི་ གྱངས་ཁ་ཚུ་ ཡར་སེང་འབད་ནི་ཨིན་ཟེར་ཨིན་པས།
གཞན་ཡང་ རྒྱ་གར་གནམ་ཐང་ནང་འབྲུག་གི་ གནམ་གྲུ་བཀག་ཐོག་ལས་ རྒྱལ་ཁབ་གཞན་ཁའི་ ས་གནས་ཚུ་ནང་ འཕུར་འགྲུལ་འབད་ནི་ཨིན་མི་ཚུ་གི་ གནད་སྐོར་ལས་བཟོ་ཡོད་པའི་ཁར་ སིང་ག་པུར་ལུ་ འཕུར་འགྲུལ་འབད་ནིའི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།
འབྲུག་གི་གནམ་གྲུའི་ལས་འཆར་དང་འཁྲིལ་ སྤྱི་ཟླ་༩ པའི་ནང་ རྒྱལ་སྤྱིའི་ལག་ལེན་ཚུ་ འགོ་བཙུག་ནི་ཟེར་ཨིནམ་ད་ བརྒྱུད་འབྲེལ་ལྷན་ཁག་གིས་ སྒེར་གྱི་ གནམ་གྲུ་ལག་ལེན་གྱི་དོན་ལུ་ ས་ཁོངས་ཚུ་ ལེན་ནི་གི་ཐབས་ལམ་ཚུ་ བཏོན་ནི་ཨིན་པས།
ཟུང་ཕྱོགས་མཐུན་འབྲེལ་གྱི་ ཞབས་ཏོག་ཆིངས་ཡིག་དུས་མཐུན་མཇུག་ར་ སྤྱི་ལོ་༢༠༠༨ ལུ་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment