གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་ཡོདཔ།

ཨ་བ་གཏོར་བཞག་མི་ ས་འཇལ་འཕྲུལ་ཆས།
༉ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ རྫོང་ཁག་གི་ ས་འཇལ་འགོ་དཔོན་ཚུ་ ཨུ་ར་རྒེད་འོག་ ཤིང་གཉེར་གཡུས་ཚན་གྱི་ ནང་སྒར་ཨུ་ར་གཞུང་ལམ་ནང་ ས་ཆ་ཚུད་མི་ཚུ་ལུ་ ས་ཚབ་སྤྲོད་ནིའི་དོན་ལས་ ས་འཇལ་བར་འགྱོ་བའི་སྐབས་ མི་ངན་ཚུ་གིས་ ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་བཞག་མི་ལུ་བརྟེན་ ཞིབ་དཔྱད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

བུམ་ཐང་རྫོང་བདག་ སངས་རྒྱས་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་གི་སྐོར་ལས་ རྫོང་ཁག་གི་ ས་འཇལ་འགོ་དཔོན་ཚུ་གིས་ སྙན་ཞུ་འབད་བའི་ཤུལ་ལས་ རྒེད་འོག་བདག་སྐྱོང་ལུ་ ལཱ་ངན་འབད་མི་ ག་ཨིན་ན་ ཞིབ་དཔྱད་འབད་ཐོག་ ངོས་འཛིན་འབད་དགོ་པའི་སྐོར་ ཡི་གུ་ཅིག་ བཏང་ཡོདཔ་བཞིན་དུ་ ད་ལྟོ་ ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཨུ་ར་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཤིང་གཉེར་ཚོགས་པ་ལུ་ མི་དམངས་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ དོགས་པ་ཡོད་པ་ཅིན་ བདེན་ཁུངས་བཀལ་ཏེ་ ཡི་གུ་གཏང་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཤིང་གཉེར་ཚོགས་པ་ ཨོ་རྒྱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་སྒོའི་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོཔ་མེད་མི་དེ་ཡང་ ས་འཇལ་བའི་སྐབས་ལུ་ འབྲེལ་གཏོགས་འབད་མི་ ཁོང་དག་པ་ཅིག་ལས་ མེད་ནི་དེ་གིས་ གཡུས་ཁའི་ མི་ཅིག་ལུ་ དོགས་པ་སྦོམ་སྦེ་ར་ ཡོད་ཟེར་ཨིནམ་ད་ དེ་ཡང་ དཔག་ཚད་བཀལ་ནིའི་དོན་ལུ་ ལག་ལེན་འཐབ་མི་ འཕྲུལ་ཆས་ཀྱི་ སྦོ་ལོགས་ཁར་ དོགས་པ་ཡོད་པའི་ མི་དེ་གི་ ས་ཆ་ཡོད་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ མི་དེ་ལུ་ དོགས་པ་ཆགས་དགོ་མི་དེ་ཡང་ ཁོ་གི་ས་ཆའི་སྦོ་ལོགས་ཁར་ གཞུང་ས་ཡོད་མི་དེ་  མི་ཅིག་ལུ་ ས་ཚབ་སྦེ་ འཇལ་དགོ་པའི་སྐོར་ ལོ་རྒྱུས་ཐོནམ་ད་ ཁོ་གི་ ས་ཆ་ཨིན་ཟེར་སླབ་སྟེ་ ས་འཇལ་འགོ་དཔོན་དང་གཅིག་ཁར་ བྱེལཝ་ཐོན་ཡི་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ དེ་ཚེ་ བྱེལཝ་ཐོན་པའི་ཤུལ་ལས་ ས་འཇལ་བར་འགྱོ་བའི་སྐབས་ འཕྲུལ་ཆས་གུ་ མི་གིས་ཨ་བ་ གཏོར་བཞག་ནུག་ཟེར་ཨིན་པས།
ས་འཇལ་བར་འགྱོ་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ཁམས་ཕོག་རྐྱབ་སི་སི་གི་ ལཱ་འབད་མི་ལུ་བལྟ་སྟེ་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ རྒེད་འོག་ལུ་ དོགས་ཅན་དེ་གི་ མིང་བྱིན་ནི་ཟེར་ སླབ་ཨིན་པས།
བྱ་ངན་དེ་ བསམ་བཞིན་དུ་ར་འབད་ནུག་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ བྱ་ཐབས་མེད་པར་ ཨ་བ་འཕྱག་བཀོག་སྟེ་ ས་འཇལ་དགོཔ་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment