གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ཨིསི་ཀའུཊི་གི་ ལས་རིམ།

སློབ་ཕྲུག་ཨ་ལུ་ཚུ་ལུ་ མདུད་ཕོད་མ་འདྲཝ་བཏབ་ཐངས་ཀྱི་ སྦྱང་བ་བྱིན་པའི་བསྒང་།
ཟླ་༤ པའི་ཚེས་༢༣། ༉ ཤེས་རིག་ལྷན་ཁག་གིས་ དུས་ཅི་ ལོ་བརྒྱ་འཁོར་བའི་ ཤེས་རིག་དུས་སྟོན་ བརྩི་སྲུང་ཞུ་ནི་དང་འབྲེལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ ཨིསི་ཀའུཊི་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོད་མིའི་ནང་ སློབ་ཕྲུག་བརྒྱ་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།


བུམ་ཐང་ལུ་འབད་བ་ཅིན་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ལས་ སློབ་ཕྲུག་ཚུ་གིས་ ཉིན་གྲངས་༣ གྱི་རིང་ སྟང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་གྲྭ་ནང་སྦེ་ ཨིསི་ཀའུཊི་གི་ལས་རིམ་ནང་བཅའ་མར་གཏོགས་འཐབ་ཡོདཔ་ཨིན་པས།
ཨིསི་ཀའུཊི་གི་ལས་རིམ་ནང་ སློབ་ཕྲུག་ཚུ་གིས་ གཙོ་བོ་ར་ ཐགཔ་གི་མདུད་ཕུད་ཚུ་གིས་ ལག་ལེན་མ་འདྲཝ་ཚུ་ ག་དེ་སྦེ་ འཐབ་བཏུབ་ཨིན་ནའི་སྐོར་ལས་ སློབ་སྦྱོང་ཚུ་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ སློབ་དཔོན་ ཚེ་དབང་དངོས་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ གཙོ་བོ་ར་ ཐགཔ་གི་མདུད་ཕོད་ མ་འདྲཝ་བཏབ་ཐངས་དང་འབྲེལ་བའི་ ལག་ལེན་གྱི་སྐོར་ལས་ སློབ་སྟོན་འབད་བྱིན་ཡི་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ཞབས་ཁྲ་ཚུ་ཡང་ ལྷབ་སྦྱང་འབད་དེ་ ཕྱི་རུའི་ལས་རིམ་ཚུ་ནང་ གསལ་སྟོན་འབད་ཡི་ཟེར་ཨིན་པས།
ཨ་ལུ་ཚུ་གིས་ ཉིན་མའི་དུས་ཚོད་ལུ་ ཐགཔ་གི་ མདུད་ཕུད་བཏབ་ཐངས་ཀྱི་ སྦྱང་བ་ཚུ་འབད་དེ་ ནགས་ཚལ་ནང་ ལག་ལེན་གྱི་ ཕན་ཁྱད་ཚུ་ བལྟ་དོ་ཡོདཔ་མ་ཚད་ ཆ་རོགས་ཚུ་ དཀའ་ངལ་བྱུང་བའི་སྐབས་ ཨིསི་ཀའུཊི་གི་ རས་ཆས་ཀྱིས་ གསོ་བའི་ཞབས་ཏོག་དོན་ལུ་ག་དེ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ནའི་སྐོར་ལས་ སྦྱང་བ་ཚུ་ བྱིན་ཡི་ཟེར་ཨིན་པས།
ལས་རིམ་དེ་གི་སྐོབས་ལུ་ སློབ་སྟོན་འབད་མི་ སློབ་དཔོན་ཚུ་གིས་ སྐོར་རྒྱབ་ཐོག་ ཐགཔ་གི་མདུད་ཕུད་ མ་འདྲཝ་བཏབ་ཐངས་ཀྱི་སྐོར་ལས་ སློབ་སྟོན་འབད་བྱིན་ཡོདཔ་ད་ སློབ་དཔོན་བསྡོམས་༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་དེ་ འབྲུག་ཨིསི་ཀའུཊི་ཚོགས་པའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment