གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་སྨད་ལུ་ བཟོ་རིག་གི་ ལག་རྩལ་འགྲན་བསྡུར།

ཟླ་༤ པའི་ཚེས་༢༦

བུམ་ཐང་ཆུ་སྨད་ལུ་ བཟོ་རིག་གི་ ལག་རྩལ་འགྲན་བསྡུར་འབད་མི་ སྦྱོང་བརྡར་བ་ཚུ།
༉ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཁབ་ནང་འཁོད་ཀྱི་ ལག་ཤེས་སྤེལ་ཁང་༥ ལས་ སྦྱོང་བརྡར་བ་༤༠ གིས་ བུམ་ཐང་ཆུ་སྨད་ལུ་ ཞི་བའི་བཟོ་རིག་སྤེལ་ཁང་ནང་སྦེ་ བཟོ་རིག་གི་ ལག་རྩལ་འགྲན་བསྡུར་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།


ཁ་ཙ་ལས་ འགོ་བཙུགས་མི་ བཟོ་རིག་གི་ ལག་རྩལ་འགྲན་བསྡུར་ནང་ སྦྱོང་བརྡར་བ་ཚུ་གིས་ ཆུ་དུང་དང་ རྡོ་བཟོ་ ཚེམ་འདྲུབ་ དེ་ལས་ ཤིང་བཟོ་འབདཝ་ད་ དབྱེ་ཁག་༤ ནང་ དོ་འགྲན་འབད་དོ་ཡོདཔ་ཨིན་པས།
ཆུ་སྨད་ཞི་བའི་བཟོ་རིག་སྤེལ་ཁང་གི་དབུ་འཛིན་ སངས་རྒྱས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲན་བསྡུར་དེ་ གཙོ་བོ་ར་ སྤེལ་ཁང་ཚུ་ནང་འཁོད་ཀྱི་ སྦྱོང་བརྡར་བ་ཚུ་གི་བར་ན་ ལྕོགས་གྲུབ་གསལ་སྟོན་འབད་ནི་དང་ ན་གཞོན་ཚུ་གིས་ སྦྱོང་བརྡར་ཚུ་ནང་ སྤྲོ་བ་ལེན་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
དོ་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཉིན་གྲངས་༣ གྱི་རིང་ལུ་ དུས་ཡུན་ཆུ་ཚོད་༡༨ ནང་ རང་སོའི་ཁྱད་ལཱ་ཚུ་ མཇུག་བསྡུ་དགོ་ནི་ཨིནམ་ད་ སྐུགས་དཔོན་ཚུ་གིས་ དབྱེ་ཞིབ་འབད་ཞིནམ་ལས་ སྐུགས་མཐོ་ཤོས་ཐོབ་མི་ཚུ་ལུ་ དངུལ་རྐྱང་གི་ གསོལ་རས་ཚུ་ཡང་ བྱིན་ནི་ཨིན་པས།
འགྲན་བསྡུར་ནང་ལས་ སྐུགས་ཚད་བརྒྱ་ཆ་༦༠ ཡན་ཆད་ཐོབ་མི་ཚུ་ལུ་ ལྕོགས་གྲུབ་ཅན་གྱི་ ལག་ཁྱེར་བྱིན་ནི་དང་ དེ་ལས་ ཉུང་སུ་ཐོབ་མི་ཚུ་ལུ་ བཅའ་མར་གཏོགས་པའི་ ལག་ཁྱེར་ཚུ་ བྱིན་ནི་ཟེར་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ དེ་བཟུམ་མའི་ འགྲན་བསྡུར་འགོ་འདྲེན་འཐབ་དགོ་མི་དེ་ཡང་ ལག་ཤེས་ཀྱི་ རིག་རྩལ་ཡོད་མི་ཚུ་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་དང་ འགྱོ་ཚར་མི་ཚུ་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གལ་གནད་ཆེ་བའི་སྐོར་ལས་ མངོན་གསལ་འབདཝ་ཨིན་ཟེར་ཨིནམ་ད་ རིག་རྩལ་ཅན་གྱི་ མི་སྡེ་དེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ཡུན་བརྟན་བཞག་ནི་ལུ་ དགོས་མཁོ་ཆེ་དྲགས་ཅིག་ ཨིན་ཟེར་བཤད་ཅི།
བློན་པོ་གིས་ ཕྱིའི་རྒྱལ་ཁབ་ཀྱི་ ཁག་འབགཔ་ཚུ་གིས་ འབྲུག་པའི་ལག་ཤེས་སྤེལ་ཁང་ཚུ་ལས་ཐོན་མི་ སློབ་སྦྱོང་པ་ཚུ་ ལྕོགས་གྲུབ་ཡོདཔ་ཤེས་ཏེ་ ལ་ལུ་གིས་ ཕྱིའི་རྒྱལ་ཁབ་ནང་ གནམ་ཐང་བཟོ་སྐྲུན་གྱི་དོན་ལུ་ འཁྱིད་དགོ་པའི་སྐོར་ལས་ ཞུ་ཡིག་ཚུ་ཡང་ ལྷོད་དེ་ཡོད་ཟེར་ཨིན་པས།
དབུ་འཛིན་གྱིས་ བཅའ་མར་གཏོགས་མི་ཚུ་གིས་ ལཱ་འབད་ཐངས་དང་ མཇུག་བསྡུ་ཐངས་ དེ་ལས་ ས་ཁྲ་དང་འཁྲིལ་ཏེ་ ཚུལ་མཐུན་འབད་མི་ཚུ་ལུ་ གཞི་བཞག་སྟེ་ སྐུགས་བྱིན་ནི་ཟེར་ཨིན་པས།
ལས་གཡོག་བློན་པོ་གིས་ སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་ ལྕོགས་གྲུབ་ཡོད་དེ་འབད་རུང་ འབྲུག་པའི་ ཁག་འབགཔ་ཚུ་གིས་ ལྷན་ཁག་ནང་ ལས་མི་འཚོལ་བར་འོངམ་ད་ ལྕོགས་གྲུབ་མེདཔ་སྦེ་ སླབ་མི་ལུ་བལྟཝ་ད་ རང་གི་རྒྱལ་ཁབ་ལུ་ རང་གིས་ ཤ་ཚ་དགོཔ་འདུག་ཟེར་ཨིནམ་ད་ སློབ་སྦྱོང་པ་ཚུ་ལུ་ སྤེལ་ཁང་ལས་ མཇུག་བསྡུ་སྟེ་འབད་རུང་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་གི་ སྲིད་བྱུས་བཟོ་ཡོད་པའི་སྐོར་ལས་ གསལ་བཤད་གནང་ཡི།
རིག་རྩལ་འགྲན་བསྡུར་ནང་ ཐིམ་ཕུ་འཕྲུལ་རིག་སྤེལ་ཁང་དང་ ཁུ་རུ་ཐང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ནང་ལས་ སློབ་སྦྱོང་པ་ཚུ་གིས་ ལྟ་རྟོག་པ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཤིང་བཟོ་བོ་ཚུ་གིས་ སྒོ་སྒྲིག་བསྒྲིག་ནི་དང་ རྡོ་བཟོ་བོ་ཚུ་གིས་ རྩིགཔ་རྐྱབ་ནི་ དེ་ལས་ ཆུ་དུང་བཟོ་མི་ཚུ་གིས་ གསང་སྤྱོད་ནང་ ཆུ་དུང་བཙུག་ནི་ དེ་ལས་ ཚེམ་འདྲུབ་འཐུ་མི་ཚུ་གིས་ ཚེམ་རྐྱབ་སྟེ་ འགྲན་བསྡུར་འབད་དོ་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་གི་ གྲུབ་འབྲས་དེ་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

No comments:

Post a Comment