གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངོས་ལེན་གྱི་རྒྱབ་སྐྱོར་ལེགས་ཤོམ་ཨིན་པའི་ངོས་འཛིན།

༉ འབྲུག་རྒྱལ་ཁབ་ནང་ ཆང་ལག་ལེན་དང་འབྲེལ་བའི་ གནོད་ཉེན་མར་ཕབ་ཀྱི་ གྲོས་བསྡུར་ཞལ་འཛོམས་ནང་ བསྟན་སྲུང་དྲག་པོའི་ཕན་བདེ་ལས་འགུལ་གྱིས་ འབྲེལ་གཏོགས་འབད་མི་དེ་ དམིགས་ཡུལ་འགྲུབ་ནིའི་ནང་ ངོས་ལེན་རྒྱབ་སྐྱོར་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།


དེ་ཡང་ སྤ་རོ་ལུ་ ཉིནམ་༢ ཀྱི་རིང་ ཆང་ལག་ལེན་གྱི་ གནོད་པ་མར་ཕབ་ཀྱི་དོན་ལུ་ རྒྱལ་ཡོངས་སྲིད་བྱུས་དང་ འཆར་བཀོད་བཟོ་ནི་གི་ གྲོས་བསྡུར་ཞལ་འཛོམས་ཅིག་འཚོགས་ཏེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ མཇུག་བསྡུའི་སྐབས་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ ཆང་བཟོ་འཕྲུལ་ཁང་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ གྲོས་བསྡུར་འབད་ནི་དེ་ དཀོན་སུ་ཅིག་ཨིན་རུང་ ད་རིས་ འཛོམས་ཚུགསཔ་ལས་ གྲུབ་འབྲས་ལེགས་ཤོམ་བྱུང་ཡི་ཟེར་ཨིན་པས།
དྲག་པོའི་ཕན་བདེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ རིན་ཆེན་འོད་ཟེར་གྱིས་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཆང་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ལུ་ ལས་སྡེ་གིས་ ཧ་གོ་ཡོདཔ་བཞིན་དུ་ ཆང་དེ་ ང་བཅས་ལུ་ ལེགས་ཤོམ་མེནམ་ལས་ ཆང་དང་འབྲེལ་བའི་ མི་སྡེ་ལུ་ གནོད་པ་བྱུང་མི་ཚུ་ མར་ཕབ་ཀྱི་ བརྩོན་ཤུགས་བསྐྱེད་མིའི་ནང་ རྒྱབ་སྐྱོར་འབད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ ཕན་བདེ་ལས་འགུལ་གྱིས་ གསོ་བའི་ལྷན་ཁག་དང་ གཞུང་མིན་ལས་ཚོགས་ལ་སོགས་པའི་ འབྲེལ་གཏོགས་ཡོད་མི་ཚུ་དང་གཅིག་ཁར་ ལཱ་འབད་ནི་གི་ སྤྲོ་སྣང་ཡོད་ཟེར་ཨིན་པས།
ཕན་བདེ་ལས་འགུལ་གྱིས་འབད་བ་ཅིན་ ཆང་དང་འབྲེལ་བའི་ གོ་བརྡའི་ཤེས་ཡོན་ ཁྱབ་སྤེལ་འབད་ནིའི་ནང་ མཁས་མཆོག་ཚུ་མེདཔ་ལས་ ད་ཚུན་གྱི་བར་ན་ དེ་བཟུམ་མའི་ ལས་རིམ་ག་ཅི་ཡང་ འགོ་འདྲེན་འཐབ་མ་ཚུགསཔ་ལས་ མི་མང་ལས་སྡེའི་ འགན་ཁྲི་ནང་ འཐུས་ཤོར་བཟུམ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
གསོ་བའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དབང་ཕྱུག་གིས་ ཞལ་འཛོམས་ནང་ ཕན་བདེ་ལས་འགུལ་གྱིས་ ཆང་གི་སྤུས་ཚད་ལེགས་ཤོམ་མེད་མི་དང་ རིན་གོང་ཁེ་ཏོག་ཏོ་འབད་མི་ ཆང་རིགས་ཚུ་ ཐོན་སྐྱེད་འབད་ནི་མེདཔ་ བཟོ་དགོ་པའི་ གྲོས་འཆར་བཀོད་མི་དེ་ཡང་ ཆང་ཁེ་ཏོག་ཏོ་སྦེ་ བཙོང་མི་དེ་གིས་ ཆང་འཐུང་མི་ མངམ་ཐོནམ་མས་ཟེར་ཨིན་པས།
རིན་ཆེན་འོད་ཟེར་གྱིས་འབད་བ་ཅིན་ གལ་སྲིད་ ལས་འགུལ་གྱིས་ རིན་གོང་ཆུང་བའི་ ཆང་རིགས་ཚུ་ ཐོན་སྐྱེད་འབད་ནི་ མཚམས་འཇོག་འབད་བ་ཅིན་ དེ་བཟུམ་མའི་ རིན་གོང་ཆུང་བའི་ ཆང་རིགས་ཚུ་ ཕྱི་ཁ་ལས་ ནང་འདྲེན་འབད་ནི་ཚུ་ཡང་ བཀག་ཆ་འབད་ནི་གི་ ཐབས་ལམ་ཚུ་ བཏོན་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་ལུ་ ཆང་ལུ་བརྟེན་པའི་ གནོད་ཉེན་མར་ཕབ་དང་ བཀག་ཆའི་དོན་ལུ་ ཟིན་འགོད་འབད་བའི་བསྒང་ཡོད་མི་ རྒྱལ་ཡོངས་སྲིད་བྱུས་དང་ ཐབས་བྱུས་གཞི་བཀོད་དེ་ སྤྱི་ཟླ་༥ པའི་ནང་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་དང་ དགོས་མཁོ་དང་བསྟུན་ ཤུལ་ལས་ སྤྱི་ཚོགས་ནང་ ཕུལ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment