གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་སློབ་གྲྭ་༩ མར་ཕབ་རྐྱབ་ཡོདཔ།

སློབ་ཕྲུག་གི་གྱངས་ཁ་ ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ མི་སྡེ་སློབ་གྲྭ་ལས་ རྒྱ་བསྐྱེད་སློབ་ཁང་ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།


ཟླ་༤ པའི་ཚེས་༢༤། ༉ པདྨ་དགའ་ཚལ་རྫོང་ཁག་གི་ སློབ་གྲྭ་ཆུང་བ་ཚུ་ནང་ ཨ་ལུ་འཛུལ་ཞུགས་འབད་མིའི་གྱངས་ཁ་ མར་བབས་སོང་མི་ལུ་བརྟེན་ མི་སྡེ་སློབ་གྲྭ་༣ རྒྱ་བསྐྱེད་སློབ་གྲྭ་ལུ་ (སློབ་རིམ་༣ པ་ཚུན་) མར་ཕབ་རྐྱབ་ཡོདཔ་ཨིན་པས།
ན་ཧིང་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་༡༠༠ ལས་ཉུངམ་སྦེ་ཡོད་མི་ཚུ་ མར་ཕབ་འབད་དགོཔ་སྦེ་ གྲོས་ཐག་བཅད་མི་དང་བསྟུན་ ཁེ་རོང་ནག་སི་ཁར་དང་ བྲག་སྒོར་མི་སྡེ་སློབ་གྲྭ་དེ་ སློབ་ཁང་རྒྱ་བསྐྱེད་འབད་མིའི་ནང་ མར་ཕབ་རྐྱབ་ཡོད་པའི་ཁར་ སློབ་གྲྭ་གསུམ་ནང་ སློབ་ཕྲུག་༤༠-༦༠ རེ་མ་གཏོགས་མེདཔ་ཨིན་པས།



རྫོང་ཁག་ཤེས་རིག་འགོ་དཔོན་ ཉི་མ་ཌམ་འདུལ་གྱིས་ བཤད་མིའི་ནང་ མ་འོངས་ལོ་༡༠ གྱི་ནང་འཁོད་ལུ་ པདྨ་དགའ་ཚལ་རྒེད་འོག་གི་ སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༡༠ ལས་བརྒལ་ འཛུལ་ཞུགས་འབད་མི་ མི་འཐོན་ནི་ཨིན་པའི་སྔན་འཆར་བརྟེན་ཡོདཔ་བཞིན་དུ་ སྤྱིར་བཏང་ རྫོང་ཁག་གི་འཛུལ་ཞུགས་ཚད་གཞི་དེ་ བརྒྱ་ཆ་༩༩.༧ སྦེ་ ཡོདཔ་ཟེར་ཨིན་པས།
རི་སེར་ནང་དང་ ལ་ནི་རི་ དེ་ལས་ ལྕོང་ཤིང་མི་སྡེ་སློབ་གྲྭ་དེ་ཚུ་ སློབ་རིམ་༥ པ་ཚུན་ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
མ་འོངས་ལོ་༢ ཀྱི་རྒྱབ་ལས་ སློབ་གྲྭ་༣ པོ་དེ་ སློབ་རིམ་༣ པའི་གནས་ཚད་ལུ་ ལྷོད་ནི་ཨིན་མས་ཟེར་ ཉི་མ་ཌམ་འདུལ་གྱིས་ བཤདཔ་ཨིན་པས།
པདྨ་དགའ་ཚལ་ལུ་ མ་འོངས་ལོ་༥ འི་འཆར་གཞི་ནང་ ཁེ་རི་དགོན་པ་ འཁང་མ་ ཁེངས་ཟོར་གྱི་ སློབ་གྲྭ་ཆུང་བ་༣ རྒྱ་བསྐྱེད་སློབ་ཁང་ནང་ མར་ཕབ་འབད་ནིའི་འཆར་གཞི་ཡོད་པའི་ཁར་ དེ་ནང་ པདྨ་དགའ་ཚལ་གྱི་ སློབ་གྲྭ་༩ མར་ཕབ་འབད་མི་ཚུ་ ཡོདཔ་ཨིན་པས།
རྫོང་ཁག་ནང་ འབྲིང་རིམ་སློབ་གྲྭ་གོང་མ་གཉིས་ འབྲིང་རིམ་སློབ་གྲྭ་བར་མ་༡ འབྲིང་རིམ་སློབ་གྲྭ་འོག་མ་༦ སློབ་གྲྭ་ཆུང་བ་༢༡ དེ་ལས་ བློ་གསར་སློབ་སྦྱོང་ལྟེ་བ་༨ ཡོདཔ་ཨིན་པས།
ལ་ནི་རི་དང་ ལྕོང་ཤིང་ མི་སྡེ་སློབ་གྲྭའི་སློབ་ཕྲུག་ཚུ་ དུང་མིན་སློབ་གྲྭ་ཆུང་བའི་ནང་ གནས་སོར་བཏང་ཡོདཔ་ད་ རི་སི་ནང་གི་སློབ་ཕྲུག་ཚུ་ སྤང་སིང་མ་ འབྲིང་རིམ་སློབ་གྲྭ་འོག་མའི་ནང་ གནས་སོར་བཏང་ཡོདཔ་ཨིན་པས།
སློབ་ཕྲུག་གནས་སོར་བཏང་མི་ཚུ་ ལྟེ་བ་ལུ་ གཞི་བཙུགས་འབད་མི་ཨིནམ་ད་ སློབ་གྲྭ་མཉམ་སྡེབ་འབད་མིའི་དམིགས་ཡུལ་དེ་ སློབ་ཕྲུག་ཚུ་ལུ་ མཐུན་རྐྱེན་ལེགས་ཤོམ་ བྱིན་ཚུགས་ཐབས་ལུ་ཨིན་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བྲག་སྒོར་སློབ་གྲྭའི་སློབ་ཕྲུག་ཚུ་ ན་ནོང་རྒེད་འོག་ སྟག་རྩེ་སློབ་གྲྭ་ཆུང་བའི་ནང་ བཏང་ཡོདཔ་ད་ མྱག་སི་ཁར་སློབ་གྲྭའི་སློབ་ཕྲུག་ཚུ་ འཆི་མོང་སློབ་གྲྭ་ཆུང་བའི་ནང་ བཏང་ཡོད་པའི་ཁར་ ཁེ་རོང་སློབ་ཕྲུག་ཚུ་ ངང་ལམ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ གནས་སོར་བཏང་ཡོདཔ་ཨིན་པས།
ད་ལྟོ་ སློབ་ཕྲུག་གནས་སོར་བཏང་མིའི་སློབ་གྲྭ་ཚུ་ནང་ བཞེས་སྒོ་དང་ ཉལ་སའི་མཐུན་རྐྱེན་ཚུ་ ཡོདཔ་མ་ཚད་ འཛམ་གླིང་བཟའ་སྤྱོད་ལས་རིམ་ལས་ ཟ་ཆས་ཀྱི་གྲོགས་རམ་ཚུ་ཡང་ འཐོབ་བཞིན་དུ་ཡོདཔ་ཨིན་པས།
མཉམ་སྡེབ་འབད་མི་གིས་ སློབ་དཔོན་ལང་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་ སེལ་ཚུགས་པའི་ཁར་ ཤེས་ཡོན་སྤུས་ཚད་དང་ལྡནམ་སྦེ་ བྱིན་ཚུགས་ཟེར་ ཤེས་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
མཉམ་སྡེབ་འབད་བའི་སློབ་གྲྭ་ཚུ་གིས་ ཨ་ལུ་མཐའ་སྐྱོང་ཚུ་བྱིན་ནི་ཨིན་མི་དེ་ཡང་ ཨ་ལུ་ཚུ་ལུ་ སློབ་གྲྭའི་སྒྲིག་གོ་གྱོན་ནི་དང་ ཆུ་འཁྱུ་ནིའི་གྲོགས་རམ་ཚུ་འབད་ནི་ཨིན་ཟེར་ ཤེས་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཤེས་རིག་ལྷན་ཁག་གིས་ གནས་ཐོ་བཞག་མིའི་ནང་ རྒྱལ་ཁབ་ནང་འཁོད་ལུ་ སློབ་ཕྲུག་༡༠༠ ལས་ཉུངམ་འབད་མི་ སློབ་གྲྭ་ཆུང་བ་༡༧༠ ཡོདཔ་ད་ སློབ་ཕྲུག་༨༠ ལས་ཉུངམ་འབད་མི་ སློབ་གྲྭ་༡༢༢ དང་ སློབ་ཕྲུག་༥༠ ལས་ཉུང་མི་ སློབ་གྲྭ་༥༡ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment