གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱག་རྒྱལ་ཁབ་ཚུ་གི་ སྒེར་སྡེའི་བརྩོན་ཤུགས།

ཟླ་༤ པའི་ཚེས་༢༤། ༉ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་གིས་ ནུས་ཤུགས་ཐོན་སྐྱེད་འབད་ཐོག་ བཀྲམ་སྤེལ་འབད་ནི་ལུ་ ལྕོགས་གྲུབ་ཡོད་དེ་འབད་རུང་ ལུང་ཕྱོགས་ནང་ ནུས་ཤུགས་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ གལ་སྲིད་ སྲིད་ཚོགས་ཀྱི་ དབུ་ཁྲིད་ཚུ་གིས་ ཁོང་རའི་ མནོ་ལུགས་ཚུ་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ གནས་སྟངས་བསྒྱུར་བཅོས་ཐོག་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིན་པས།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་ ལྷོ་ཨེ་ཤི་ཡའི་ གནམ་གཤིས་འགྱུར་བགྲོད་དང་ ནུས་ཤུགས་མཉམ་འབྲེལ་གྱི་ བརྗོད་དོན་ཐོག་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ འཕྲིན་དོན་འདི་ གཙོ་ཅན་ཅིག་ཨིན་པས།
སཱག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ཡང་ འཐུས་མི་རྒྱལ་ཁབ་ཚུ་ནང་ ད་ལྟོའི་ གནམ་གཤིས་འགྱུར་བགྲོད་དང་ ནུས་ཤུགས་གནས་སྟངས་ཀྱི་ བརྟག་ཞིབ་འབད་ནི་དང་ བར་ཆད་ཚུ་ ངོས་འཛིན་འབད་ནི་ དེ་ལས་ ནུས་ཤུགས་སྲིད་བྱུས་ཀྱི་དོན་ལུ་ བསམ་འཆར་ཚུ་ བཀོད་ནིའི་དོན་ལུ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ མ་གཞི་ གཞུང་གིས་ དེ་བཟུམ་མའི་ཞལ་འཛོམས་ འགོ་འདྲེན་འཐབ་ནིའི་ཚབ་ལུ་ སཱག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མིའི་ གལ་གནད་སྐོར་ལས་ གསུང་བཤད་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ནུས་ཤུགས་ཀྱི་ཉེན་འཚུབས་ བསལ་ཐབས་འབད་ནིའི་དོན་ལུ་ གཞུང་དང་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཐབས་ཤེས་སྒྲིང་སྒྲིང་ཅིག་ བཏོན་མ་ཚུགས་པར་ མི་ཚུ་དབུགས་འགམ་བྱུང་བའི་དུས་ཚོད་ལུ་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ དབུ་ཁྲིད་ཚུ་གིས་ དེ་བཟུམ་མའི་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ འོས་ལྡན་ཅིག་ཨིན་མས་ཟེར་ཨིན་མས།
བློན་ཆེན་གྱིས་ གསུངས་མིའི་ནང་ མི་མང་གི་ མཁོ་འདོད་ཡར་འཕར་འགྱོཝ་དང་བསྟུན་ ཚོང་དང་ བཟོ་གྲྭ་ཚུ་གིས་ བསྐྱར་གསོའི་ནུས་ཤུགས་དང་ གསར་གཏོད་ནུས་ཤུགས་ དེ་ལས་ འཕྲུལ་རིག་གསརཔ་ཚུ་ལུ་ དང་ལེན་འབད་དགོ་ཟེར་ཨིནམ་ད་ མ་གཞི་ དེ་བཟུམ་མའི་ནང་ མ་རྩ་བཙུག་པ་ཅིན་ དམིགས་བསལ་དུ་ ལྷོ་ཨེ་ཤི་ཡའི་ ཚོང་འབྲེལ་དོན་ལུ་ ཁེ་ཕན་སྦོམ་འབྱུང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ འཐུས་མི་རྒྱལ་ཁབ་གཅིག་གིས་གཅིག་གི་ དཀའ་ངལ་ཚུ་ སེལ་ཐབས་འབད་བ་ཅིན་ དེ་གིས་ འཛམ་གླིང་ནང་ འགྲོ་བ་མི་ཚུ་ དགའ་སྐྱིད་ཀྱི་ཐོག་ལུ་ འཚོ་སྐྱོང་འཐབ་ཚུགས་པའི་ དབུ་ཁྲིད་འབད་ཚུགས་ཟེར་ཨིན་པས།
ཞལ་འཛོམས་འགོ་དང་པའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལྷོ་ཨེ་ཤི་ཡ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ རྒྱུ་རྐྱེན་དང་ གནོད་པ་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ ཞལ་འཛོམས་གཉིས་པའི་ནང་ ལུང་ཕྱོགས་ནང་ ནུས་ཤུགས་མཉམ་འབྲེལ་གྱི་ གནད་དོན་ཐོག་ལུ་ དམིགས་གཏད་བཟུང་ཡོདཔ་ཨིན་པས།
ནུས་ཤུགས་ཀྱི་ ཐོན་སྐྱེད་ཚུ་ ལངམ་སྦེ་མེད་དེ་འབད་རུང་ བཀྲམ་སྤེལ་ལས་ལྷག་པའི་ མཁོ་འདོད་བྱུང་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྐྱངམ་གཅིག་ནང་ ཆུ་ལུ་བརྟེན་པའི་གློག་མེའི་ནུས་ཤུགས་ མེ་ག་ཝཱཊ་༣༠༠,༠༠༠ ལས་ལྷགཔ་སྦེ་ ཐོན་སྐྱེད་འབད་རུང་ དེ་གིས་ མཁོ་འདོད་སྒྲུབ་མ་ཚུགས་མི་དེ་ལུ་ བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ གནས་སྟངས་འདི་ ཧ་གོ་ནིའི་དོན་ལུ་ སྲིད་ཀྱི་དང་ལེན་དགོཔ་ཨིན་ཟེར་ཨིན་པས།
སཱག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ བིག་རཱམ་ཇིཊ་ སིང་ ཤཱ་ནེ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྒྱབ་སྣོན་ཆ་འཇོག་འབད་མི་ཚུ་ག་ར་ འཐུས་མི་རྒྱལ་ཁབ་ཆ་མཉམ་གྱི་ སཱག་དྲུང་ཆེན་ཡིག་ཚང་དང་ ནུས་ཤུགས་བློན་པོ་ཚུ་ལུ་ གཏང་ནི་ཨིན་ཟེར་བའི་གནས་ཚུལ།

No comments:

Post a Comment