གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཛེ་ནད་ཐོབ་མི་གསརཔ་ཅིག་ ངོས་འཛིན་འབད་ཡོདཔ།


ཟླ་༤་པའི་ཚེས་༢༡


༉ ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་ནང་ མཛེ་ནད་ཐོབ་མི་གསརཔ་ཅིག་ ངོས་འཛིན་འབད་ནུག།
དེ་ཡང་ མཁོ་ཐག་པ་སློབ་གྲྭ་ཆུང་བའི་ སློབ་རིམ་༢ པའི་སློབ་ཕྲུག་ སྐྱེས་ལོ་༨ ལང་མི་བུཚ་༡ ཅིག་ རི་སེར་པོ་སྨན་ཁང་ནང་ བརྟག་དཔྱད་འབདཝ་ད་ མཛེ་ནད་ཐོབ་ཡོད་པའི་ ངོས་འཛིན་འབད་ནི་དེ་གིས་ ད་ལྟོ་ པདྨ་དགའ་ཚལ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།



སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཨིན་མི་ སྐྱེས་ལོ་༣༣ ལང་མི་ ཨ་ལུའི་ཨ་པ་ལུ་ མཛེ་ནད་ཡོདཔ་ལས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ སྨན་བཅོས་འབད་ཡོདཔ་ཨིན་རུང་ མཐིལ་ཕྱིན་དྲག་མ་ཚུགསཔ་ཨིན་པས།
པདྨ་དགའ་ཚལ་སྨན་ཁང་གིས་ དུང་མིན་རྒེད་འོག་ལས་ སྐྱེས་ལོ་༡༤ ལང་མི་ བུམོ་ཅིག་དང་ སྐྱེས་ལོ་༦ ལང་མི་ བུཚ་ཅིག་ཡང་ མཛེ་ནད་ཀྱི་ སྨན་བཅོས་འབད་ནི་ཨིན་པས།
ད་ལྟོ་ གཡུ་རུང་སློབ་གྲྭ་ཆུང་བ་ནང་ལས་ སྐྱེས་ལོ་༡༢ ལང་མི་བུཚ་ཅིག་ ཧམ་སྤུ་འཇོམས་པའི་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།
བད་ཀན་དང་ མཛེ་ནད་ཀྱི་འགོ་འཛིན་ རིན་ཆེན་ཆུང་ཆུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནདཔ་གི་གདོང་དང་ གཟུགས་ཁར་  དཀརཔ་སྦེ་ཐོན་པ་ཅིན་ ཧམ་སྤུ་འཇོམས་སྨན་ བྱིན་དགོཔ་ཨིན་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཧམ་སྤུ་འཇོམས་སྨན་གྱིས་ དྲག་མ་ཚུགས་པ་ཅིན་ མཛེ་ནད་ཐོབ་པའི་ རྟགས་མཚན་ཨིན་ཟེར་ཨིན་པས།
དུང་མིན་སློབ་གྲྭ་ནང་ལས་ སྐྱེས་ལོ་༡༡ འབད་མི་བུཚ་༡ སྤྱི་ཟླ་༣ པའི་ཚེས་༡༤ ལས་ མཛེ་ནད་ཀྱི་ སྨན་བཅོས་འབད་ཡོདཔ་བཞིན་དུ་ གཞན་མི་༣ ཧམ་སྤུ་འཇོམས་ནིའི་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།
ལོ་ངོ་༡༥ དེ་ཅིག་གི་ཧེ་མར་ དུང་མིན་རྒེད་འོག་ནང་ མཛེ་ནད་ཐོབ་མི་ནདཔ་༢༠ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ ཤུ་མར་རྒེད་འོག་ནང་༧ དང་ ལྕོང་ཤིང་ལུ་༦ མཁར་ལུ་༣ གཡུ་རུང་ལུ་༢ དེ་ལས་ ཕྱི་མོང་རྒེད་འོག་ནང་༡ ཡོདཔ་ཨིན་པས།
མཛེ་ནད་དེ་ བེང་ཊི་རི་ཡ་ལས་ ཐོབ་དོ་ཡོདཔ་ད་ དེ་ཡང་ ལོ་༢ དང་༥ འི་བར་ན་ གཟུགས་ཁར་ཁྱབ་སྤེལ་འགྱོ་དོ་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ པདྨ་དགའ་ཚལ་དུང་མིན་རྒེད་འོག་ནང་ མཛེ་ནད་ཐོབ་མི་དེ་ མཐོ་ཤོས་ཅིག་ ཨིན་མས་ཟེར་ཨིནམ་ད་ དེ་ཡང་ བཟའ་ཚང་ནང་ ཧེ་མ་ལས་ར་ མཛེ་ནད་ཡོད་ནི་དེ་གིས་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment