གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕ་ཇོ་སྡིངས་ལུ་ ལྟ་བཤལ་དང་འབྲེལ་བའི་ སྡོད་སྒར་རྐྱབ་ནི།

༉ སོ་ནམ་དང་ ནགས་ཚལ་ལྷན་ཁག་འོག་གི་ རང་བཞིན་སྤྲོ་འཆམ་དང་ སྐྱེ་ལྡན་དང་འབྲེལ་བའི་ ལྟ་བཤལ་སྡེ་ཚན་གྱིས་ ན་ཧིང་སྤྱི་ཟླ་༥ པའི་ནང་ འབྲུག་བློ་གཏད་མ་དངུལ་ལུ་ ཐིམ་ཕུ་ ཕ་ཇོ་སྡིངས་ལུ་ སྡོད་སྒར་རྐྱབ་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་དེ་ ཆོ་འཇོག་གྲུབ་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༧ པའི་ཚེས་༥ ལུ་ རང་བཞིན་སྤྲོ་འཆམ་དང་ སྐྱེ་ལྡན་དང་འབྲེལ་བའི་ལྟ་བཤལ་སྡེ་ཚན་དང་ འབྲུག་བློ་གཏད་མ་དངུལ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ རང་བཞིན་སྲུང་སྐྱོབ་ཀྱི་དོན་ལུ་ སྒར་རྐྱབ་སའི་ ས་ཁོངས་བལྟ་ཞིབ་འབད་བར་སོང་ཡོདཔ་བཞིན་དུ་ ས་གནས་ནང་འགྱོ་དགོ་མི་དེ་ཡང་ གཙོ་བོ་ར་ སྒར་བཅའ་ས་ཡར་རྒྱས་གཏང་ནིའི་དོན་ལུ་ཨིན་པས།
རང་བཞིན་སྤྲོ་འཆམ་དང་ སྐྱེ་ལྡན་དང་འབྲེལ་བའི་ལྟ་བཤལ་སྡེ་ཚན་དང་ འབྲུག་བློ་གཏད་མ་དངུལ་གྱི་ འགོ་དཔོན་ཚུ་གིས་ ཕ་ཇོ་སྡིངས་བཤད་གྲྭའི་ དབུ་འཛིན་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ དབུ་འཛིན་གྱིས་ ས་གནས་ནང་ སྒར་རྐྱབ་སའི་ས་ཁོངས་བཟོ་བ་ཅིན་ དེ་གིས་ མི་སེར་དང་ ལྟ་བཤལཔ་ཚུ་ལུ་ ཕན་ཐོགས་པ་གིས་མ་ཚད་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནི་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ བཤདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ ད་ཚུན་གྱི་ནང་འཁོད་ལུ་ ས་གནས་ཀྱི་མི་སེར་དང་ ལྟ་བཤལཔ་ཚུ་ ཕ་ཇོ་སྡིངས་ལུ་ སྒར་བཅའ་བར་འོངམ་ད་ ས་ཁོངས་ཚུ་ ལེགས་ཤོམ་མེདཔ་ལས་ མང་ཤོས་ར་ ལྷ་ཁང་ནང་ལུ་ བཞག་དགོཔ་ཐོནམ་མས་ཟེར་ཨིན་པས།
ཕ་ཇོ་སྡིངས་ཀྱི་ས་གནས་དེ་ ཐིམ་ཕུའི་བྱང་ཁ་ཐུག་ ཀི་ལོ་མི་ཊར་༤ ལྷགཔ་ཅིག་གི་ ས་གནས་ཁར་ཆགས་ཡོདཔ་ཨིན་རུང་ ལམ་གྱེན་གཟར་དྲགས་སྦེ་ འཛེགས་འགྱོ་དགོ་ནི་དེ་གིས་ རྐང་ཐང་སྦེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོརཝ་ཨིན་པས།
ད་ལྟོ་ ཕ་ཇོ་སྡིངས་ལུ་ མཆོད་རྟེན་༡༠ དང་ མཚམས་ཁང་དག་པ་ཅིག་ དེ་ལས་ སློབ་སྦྱོང་འབད་སྡོད་མི་ དགེ་སློང་ཞལ་གྲངས་༤༠ འབད་མིའི་ བཤད་གྲྭ་ཅིག་ཡང་ ཡོདཔ་ཨིན་པས།
ཕ་ཇོ་སྡིངས་ཀྱི་ས་ཁོངས་དེ་ འབྲུག་ལ་བཤལ་ལུ་ འགྱོ་སའི་ལམ་ཁར་འབད་ནི་དེ་གིས་ ལྟ་བཤལཔ་མང་ཤོས་ཅིག་གིས་ ས་གནས་ཁར་ སྒར་བཅའ་སྡོད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མི་ འབྲུག་ལ་བཤལ་ཟེར་མི་དེ་ འགྲོ་འགྲུལ་འབདཝ་ད་ སྤ་རོ་ལས་འགོ་བཙུགས་ ཐིམ་ཕུ་ཚུན་ལུ་ ཉིན་གྲངས་༤ དང་ ལོག་འགྱོཝ་ད་ ཉིན་གྲངས་༤ འགོར་མི་ཡོངས་བསྡོམས་ ཉིན་གྲངས་༨ འགོར་དོ་ཡོདཔ་ཨིན་པས།
སྡོད་སྒར་རྐྱབ་ནི་ཨིན་མིའི་ས་ཁོངས་དེ་ བཤའ་གྲྭའི་སྦོ་ལོགས་ཁར་ཨིནམ་ད་ དེ་ནང་ གཞི་རྟེན་མཁོ་ཆས་ དཔེར་ན་ གསང་སྤྱོད་དང་ བཞེས་སྒོ་འབད་ས་ཡོདཔ་ད་ ས་ཁོངས་དེ་ནང་ལས་ བཤལ་འགྱོ་སའི་ལམ་དང་ སྡོད་ཁྲི་ ལྟོ་བཟའ་སའི་ཁྲི་སྟེགས་ དེ་ལས་ འཐུང་ཆུ་ཚུ་ བཀྲམ་སྤེལ་འབད་ནིའི་འཆར་གཞི་ཡོད་ཟེར་ རང་བཞིན་སྤྲོ་འཆམ་དང་ སྐྱེ་ལྡན་དང་འབྲེལ་བའི་ལྟ་བཤལ་སྡེ་ཚན་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལྟ་བཤལཔ་ཚུ་གིས་ ས་གནས་ནང་སྡོད་པའི་རིང་ལུ་ འཐུས་ཚུ་ཡང་ སྤྲོད་དགོཔ་བཟོ་ནི་ཨིནམ་བཞིན་དུ་ འཐུས་ཚུ་ བཤད་གྲྭ་གིས་འགོ་འདྲེན་འཐབ་ཐོག་ལས་ བསྡུ་ལེན་འབད་དེ་ བསྡུ་ལེན་འབད་མི་འཐུས་ཚུ་ ས་གནས་འཛིན་སྐྱོང་དང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ ཟད་འགྲོ་གཏང་ནི་ ཟེར་ཨིན་པས།
སྡོད་སྒར་རྐྱབ་ནི་ཨིན་མིའི་ནང་ ལྟ་བཤལཔ་གིས་མ་ཚད་པར་ ཐིམ་ཕུ་ནང་འཁོད་ལས་ གནས་དང་ ལྷ་ཁང་མཇལ་བར་ འགྱོ་མི་ཚུ་ཡང་ སྡོད་ཆོགཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ ཟད་འགྲོ་མ་དངུལ་ཚུ་ རང་བཞིན་སྲུང་སྐྱོབ་དང་ འབྲུག་བློ་གཏད་མ་དངུལ་གྱིས་ གྲོགས་རམ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment