གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ཆུ་ གློག་མེ་ལས་འགུལ་ མཇུག་བསྡུའི་ དུས་ཚོད་ཕྱིར་འགྱངས།

ཕྱིར་འགྱངས་འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ།
༉ གློག་ཤུགས་མེ་ག་ཝཱཊ་༡༢༦ འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ བཟོ་སྐྲུན་ལཱ་མཇུག་བསྡུའི་ དུས་ཚོད་དེ་ ཟླཝ་དག་པ་ཅིག་ ཕྱིར་འགྱངས་འབད་ཡོདཔ་ཨིན་པས།


དེ་ཡང་ གློག་ཤུགས་མེ་ག་ཝཱཊ་༡༢༦ འབད་མི་ལས་  མེ་ག་ཝཱཊ་༦༣ འབད་མི་ ཡུ་ནིཊ་༡ པ་དེ་ སྤྱི་ལོ་༢༠༡༤ ཟླཝ་༢ པ་ལས་སྤྱི་ཟླ་༤ པའི་ཚེས་༨ ལུ་དང་ མེ་ག་ཝཱཊ་༦༣ འབད་མི་ ཡུ་ནིཊ་༢ པ་བསྒྲུབ་ནི་གི་ དུས་ཚོད་དེ་ སྤྱི་ལོ་༢༠༡༣ ཟླཝ་༢ པའི་ཚེས་༢༥ ལས་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཕར་བཤུད་རྐྱབ་ནུག།
དུས་ཚོད་བསྒྱུར་བཅོས་རྐྱབ་མི་དེ་ སྔོན་དཔག་འབད་མ་ཚུགས་པའི་ ས་ཆ་དང་འབྲེལ་བའི་ དཀའ་ངལ་ལུ་བརྟེན་ ས་དོང་ཆུ་ལམ་བཟོ་སྐྲུན་ལུ་ ཐོ་ཕོག་ཡོདཔ་ལས་ ཡུན་འགྱངས་ལུས་ནི་དེ་གིས་ཨིན་ཟེར་ དར་དཀར་ཆུ་ གློག་མེ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་འོག་མ་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཨིན་རུང་ གློག་མེ་བཟོ་སྐྲུན་གྱི་ལཱ་ཚུ་ ལེགས་ཤོས་འགྱོ་དོ་ཟེར་ ཁོ་གིས་ བཤད་ཡོདཔ་ད་ ཆུ་ཤུགས་ལག་ལེན་འཐབ་སྟེ་ གློག་མེ་ཐོན་སྐྱེད་འབད་ནིའི་དོན་ལུ་ ས་དོང་ཆུ་ལམ་མི་ཊར་༧,༧༩༠ བཟོ་སྐྲུན་འབད་དགོཔ་ཡོད་མི་ལས་ ད་ལྟོ་ མི་ཊར་༣,༢༥༠ བཟོ་སྐྲུན་འབད་མ་ཚར་བར་ ལུས་ཡོདཔ་ཨིན་པས།
ད་ལྟོའི་ ལཱ་གི་མགྱོགས་ཚད་དང་འཁྲིལ་ དར་དཀར་ཆུ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཟོ་སྐྲུན་གྱི་ལཱ་དེ་ ཕྱིར་འགྱངས་འབད་མི་ དུས་ཚོད་ནང་ བསྒྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ གློག་མེ་ལས་འགུལ་ནང་ ལཱ་འབད་མི་ རྒྱ་གར་གྱི་ ལས་མི་ལ་ལུ་ཅིག་གིས་ ཧེ་མ་བཟུམ་སྦེ་ ཁོང་རའི་ཁྱིམ་ནང་ ཏི་རུ་བསྐྱལ་མ་ཚུགས་པའི་སྐོར་ ཉོགས་བཤད་བཀོདཔ་ཨིན་རུང་ ལས་འགུལ་གྱི་དོན་ལས་ རྒྱུ་ཆས་མཁོ་སྒྲུབ་འབད་ནི་ཚུ་ལུ་ གནོད་པ་མ་བྱུངམ་ཨིན་པའི་གནས་ཚུལ།

No comments:

Post a Comment