གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་ཚུ་ རྡོ་ཁབ་ལེན་བཟུམ་ཅིག་ཨིན་རུང་ རེ་འདོད་གྲུབ་མ་ཚུགས་པའི་ ས་ཁོངས་ཅིག་ཨིནམ།

ཟླ་༤ པའི་ཚེས་༢༧

༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་ ཨ་ལུའི་འཁྲབ་སྟེགས་ས་ཁོངས་ནང་སྦེ་ འཛམ་གླིང་ཨ་ལུའི་གནས་སྟངས་སྙན་ཞུ་ གསར་བཏོན་འབད་བའི་སྐབས་ ས་གནས་ནང་སྡོད་མི་བརྒྱ་ལས་བཅད་མི་ཚུ་གིས་ འབྲེལ་གཏོགས་འབད་ཡི།
མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་དང་ 
ཡུ་ནི་སེཕ་གི་སྐུ་ཚབ་ ཌོག་ཊར་གེབ་ཀེ་ ཧིངསི་གིས་ 
འཛམ་གླིང་ཨ་ལུའི་གནས་སྟངས་སྙན་ཞུ་ གསར་བཏོན་འབད་བའི་བསྒང་།


དེ་བསྒང་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཡུ་ནི་སེཕ་གི་སྐུ་ཚབ་ ཌོག་ཊར་གེབ་ཀེ་ ཧིངསི་གིས་ ཁྲོམ་སྡེ་ཚུ་ མི་ལེ་ཤ་གཅིག་ཁར་བསྡུ་བཅུག་མི་ རྡོ་ཁབ་ལེན་བཟུམ་ཅིག་ཨིན་རུང་ རང་གིས་ མནོ་བསམ་བཏང་དོ་བཟུམ་སྦེ་ རེ་འདོད་ཚུ་ གྲུབ་མ་ཚུགས་པའི་ ས་ཁོངས་ཅིག་ཡང་ ཨིན་ཟེར་སླབ་ཅི།
དེ་ཡང་ མ་གཞི་ མི་ཚུ་གིས་ལྟཝ་ད་ ཁྲོམ་སྡེ་ཚུ་ནང་ སློབ་གྲྭ་དང་ སྨན་ཁང་ ཚོང་ཁང་ དེ་ལས་ ལཱ་གཡོག་ཚུ་གི་ མཐུན་རྐྱེན་ དང་གོ་སྐབས་ཚུ་ ལེགས་ཤོམ་ཡོད་པའི་ ས་ཁོངས་ཅིག་ཨིནམ་སྦེ་མཐོང་རུང་ མི་ཚུ་ ན་འཐན་ར་ ཁྲོམ་ཁར་ལྷོད་ཚར་བའི་བསྒང་ལས་ མཐུན་རྐྱེན་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་ཨིན་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ དཔེ་འབད་བ་ཅིན་ ཅ་ཆས་ཚུ་ ག་ཅི་ར་དགོ་རུང་ ཁྲོམ་གྱི་ ཚོང་ཁང་ཚུ་ནང་ལས་ འཐོབ་ཆོག་ཆོ་ཡོདཔ་ཨིན་རུང་ མི་ལ་ལུ་ཅིག་ ཕྱུགཔོ་དང་ ལ་ལུ་ཅིག་ སྤྱང་ཀ་འབད་མི་ལུ་བརྟེན་ ག་ར་གིས་ རང་སོའི་བློ་འདོད་ལྟར་ ཅ་ཆས་ཚུ་ ཉོ་མ་ཚུགས་པའི་བསྒང་ལས་ དབུགས་འགམ་ནི་དང་ སེམས་ཤི་ནི་ཚུ་ བྱུངམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཁྱིམ་གྱི་ཁང་གླ་ཚུ་ མཐོ་དྲགས་ཡོད་པའི་ཁར་ བཟའ་འཐུང་གི་རིགས་ག་ར་ ཉོ་དགོཔ་ལས་ ཕམ་༢ ཆ་ར་ ཡིག་ཚང་ཚུ་ནང་ ལཱ་འབད་དགོ་པའི་ གནས་སྟངས་མཐོང་བའི་བསྒང་ལས་ ཨ་ལུ་ཚུ་ ག་དེ་སྦེ་ སྡོད་དོ་ཡོདཔ་ཨིན་ན་ཟེར་བའི་ ཚ་གྱང་ལང་དགོཔ་བྱུངམ་ཨིན་ཟེར་ཨིནམ་ད་ དེ་ལུ་བརྟེན་ ཨ་ལུ་ཚུ་ མེདཔ་ཐལ་བའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
འགོ་འབྱེད་སྐབས་ལུ་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ དུས་ཅི་གི་བརྗོད་དོན་དེ་ འཛམ་གླིང་ནང་ ཁྲོམ་ཁར་སྡོད་མི་ཨ་ལུ་ཚུ་ཟེར་མི་ དམིགས་དོན་དེ་ཡང་ གཡུས་སྒོ་ཚུ་ནང་ལས་ ཁྲོམ་ཁར་སྤོ་བཤུད་འབད་མིའི་གྱངས་ཁ་ མཐོ་དྲགས་ཐོན་མི་དང་འཁྲིལ་ཏེ་ ཁྲོམ་ཁའི་དབུལ་ཕོངས་ལུ་ གཞི་བཞག་སྟེ་ཨིན་ཟེར་གསུངས་ཡི།
མི་དབང་རྒྱལ་ཡུམ་གྱིས་ གསུངས་མིའི་ནང་ མ་གཞི་ ཐིམ་ཕུ་ཁྲོམ་ཁར་ ལྷངམ་རྐྱབ་མི་དང་ སྤྱང་འཁྱམས་སྡོད་མི་ དེ་ལས་ སྡོད་ཁྱིམ་མེད་མི་ ག་ཡང་མེདཔ་ལས་ འབྲུག་མི་ཚུ་གིས་ དེ་བཟུམ་མའི་ དཀའ་ངལ་དེ་ རྒྱལ་ཁབ་གཞན་ཁར་མ་གཏོགས་ ང་བཅས་རའི་ རྒྱལ་ཁབ་ནང་མེདཔ་སྦེ་ མནོ་བསམ་བཏང་མི་དེ་ལུ་ བདེན་པ་མེད་ཟེར་ཨིན་པས།
འབྲུག་པའི་ཨ་ལུ་དང་ ན་གཞོན་ཚུ་གིས་ དེ་བཟུམ་མའི་ མནོ་བསམ་བཏང་མི་དང་ ཕྱུགཔོ་དང་ སྤྱང་ཀའི་བར་ན་གི་ ཁྱད་པར་ཚུ་ སྦོམ་ཡོད་མི་ལུ་བརྟེན་ ཁོང་གི་གནས་སྟངས་ལུ་ ཉེན་ཁ་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
འཛམ་གླིང་ཨ་ལུའི་མ་དངུལ་དང་འཁྲིལཝ་ད་ འབྲུག་ལུ་ གྲོང་གསེབ་ནང་ལས་ ཁྲོམ་ཁར་ གནས་སྤོ་འགྱོ་མི་ བརྒྱ་ཆ་༦ འབད་མི་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིནམ་ད་ སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ ཁྲོམ་ཁར་སྡོད་མི་ ཨ་ལུ་དུང་ཕྱུར་༡ དེ་ཅིག་ལུ་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་དང་ གློག་མེ་ དེ་ལས་ གསོ་བའི་ཞབས་ཏོག་གི་ དབང་ཆ་ཚུ་ ཐོབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།

འགོ་འབྱེད་རྟེན་འབྲེལ་ནང་ ན་གཞོན་གོང་འཕེལ་མ་དངུལ་གྱི་འོག་ལུ་ ཞིབ་འཚོལ་འབད་མི་ ན་གཞོན་སྡེ་ཚན་ཅིག་གིས་ ཁོང་རའི ཞིབ་འཚོལ་གྲུབ་འབྲས་ཚུ་ གསལ་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།

No comments:

Post a Comment