གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཁོར་བཱསི་གི་ དོས་གླའི་ཚད་གཞི་ བཟོ་ཡོདཔ།

ཟླ་༤ པའི་ཚེས་༢༡

༉ འདས་པའི་བདུན་ཕྲག་ནས་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་འགྲུལ་འཁོར་བཱསི་ནང་ འགྲུལ་བསྐྱོད་འབད་མིའི་ ཁུར་ཆའི་རིགས་འབག་འགྱོཝ་ད་ དེ་གི་གླ་འཐུས་ཚུ་ ཚད་སྙོམས་ གཏན་འཁེལ་བཟོ་ཡོདཔ་ཨིན་པས།


ད་ལས་ཕར་ མི་རེ་གིས་ འགྲུལ་འཁོར་བཱསི་ནང་ འགྲུལ་བསྐྱོད་འབདཝ་ད་ ཁུར་ཆ་ཀེ་ཇི་༢༠ གླ་ཆ་སྤྲོད་མ་དགོཔ་ཨིན་རུང་ འདི་ལས་ལྷག་སྟེ་ ཡོད་མི་ཚུ་ལུ་ ལམ་ཀི་ལོ་མི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༠.༡༠ རེ་ སྤྲོད་དགོཔ་ཨིན་པས།
དེ་འབདཝ་ད་ ད་ལྟོ་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཁུར་ཆའི་ལྗིད་ཚད་འཇལ་ནིའི་ འཕྲུས་ཆས་ཚུ་ ལངམ་སྦེ་མེད་ཟེར་ཨིནམ་ད་ དྲོ་པ་འགྲུལ་འཁོར་བཱསི་ཚུ་ བཞག་ཐང་ནང་ལས་ འགྲོ་འགྲུལ་འབད་ནི་འགོ་མ་བཙུགས་ཚུན་ དབང་འཛིན་གྱིས་ལྟ་རྟོག་འབད་ནི་ཨིན་ཟེར་ཨིན་པས།
འགྲུལ་འཁོར་བཱསི་ནང་ ཁུར་ཆ་འབག་པའི་སྐབས་ གླ་ཆ་མངམ་སྦེ་ སྤྲོད་དགོཔ་པའི་སྐོར་ལས་ ཉོགས་བཤད་བཀོདཔ་མས་ཟེར་སླབ་ཨིན་རུང་ དབང་འཛིན་ནང་ ཡིག་ཐོག་ལུ་ ཉོགས་བཤད་བཀོད་མི་ མ་ཐོན་ཟེར་ཨིནམ་ད་ གལ་སྲིད་ ག་དེམ་ཅིག་སྦེ་ འགྲུལ་པ་ཚུ་གིས་ ཉོགས་བཤད་བཀོད་པ་ཅིན་ འདི་ལུ་ ངོས་ལེན་འབད་དགོཔ་ངེས་བདེན་ཨིན་ཟེར་ཨིན་པས།
སྐྱེལ་འདྲེན་འགོ་དཔོན་ རྡོ་ཕུག་འབྲུག་པ་གིས་ བཤད་མིའི་ནང་ དྲོ་པ་ ཐིམ་ཕུ་ལས་ ས་གནས་གཞན་ཁ་འགྱོ་མི་ འགྲུལ་འཁོར་བཱསི་༢༠ ལྷགཔ་ཅིག་ཡོད་མི་ལུ་བརྟེན་ དེ་ཁར་འགྱོ་མི་ འགྲུལ་པ་ལེ་ཤ་འོང་ནི་ཨིནམ་ལས་ ཁུར་ཁ་རེ་རེ་བཞིན་དུ་སྦེ་ འཇལ་ཞིནམ་ལས་ལག་ལེན་འཐབ་ནི་དེ་ སྟབས་བདེ་ཏོག་ཏོ་ཅིག་མི་འོང་ནི་ ཨིན་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དེད་གཡོགཔ་དེ་གིས་ སྐྱེལ་འདྲེན་དབང་འཛིན་གྱིས་ བཟོ་ཡོད་མི་ ལམ་ལུགས་ལུ་མ་གནས་པ་ཅིན་ དང་པ་འགྲུལ་པའི་གླ་ཆ་ལོག་སྤྲོད་བཅུག་ནི་ འདི་ལུ་བརྟེན་པའི་ ཉེས་བྱ་བཀལ་ནི་ མཐའན་མཇུག་ལུ་ དེད་གཡོག་པའི་ ཆོག་ཐམ་ཆ་མེད་གཏང་ནི་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༧ འབད་མི་ བསོད་ནམས་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གཏན་འཁེལ་བཟོ་མི་ གླ་ཆ་དེ་ ས་ཐག་རིང་ས་ འགྲོ་འགྲུལ་འབད་ནི་ཨིན་པ་ཅིན་ མཐོ་དྲགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུ་ལས་ བཀྲིས་གཡང་རྩེ་ལུ་འགྱོ་མི་གིས་ དོས་ཀེ་ཇི་༥༠ ལུ་ གླ་ཆ་དངུལ་ཀྲམ་༢༩༠ སྤྲོད་དགོ་པས་ཟེར་ཨིན་པས།
ལམ་འགྲུལ་པ་ ཀརྨ་དབང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ བཱསི་ནང་ ཡི་གུ་ཆུང་ཀུ་ཅིག་ལས་བསྐྱལ་ནི་མེད་རུང་ དེད་གཡོགཔ་ཚུ་གིས་ གླ་ཆ་དམའ་ཤོས་ དངུལ་ཀྲམ་༥༠ ལེནམ་མས་ཟེར་ཨིན་པས།
སྐྱེལ་འདྲེན་འགོ་དཔོན་གྱིས་འབད་བ་ཅིན་ མི་མང་གིས་ ཡི་གུ་བསྐྱལ་ནི་ཚུ་ འབྲུག་འགྲེམ་ནང་བསྐྱལ་ནི་མ་གཏོགས་ བཱསི་ནང་དེད་གཡོགཔ་ཚུ་གི་ ལག་པར་ བསྐྱལ་ནི་མི་འོང་ཟེར་ཨིན་པས།
ཁུར་ཆ་གི་ གླ་ཆ་གཏན་འཁེལ་བཟོ་མི་དེ་ དེད་གཡོགཔ་དང་ འགྲུལ་པ་གཉིས་ཀྱི་བར་ན་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ཨིན་ཟེར་ སྐྱེལ་འདྲེན་འགོ་དཔོན་ རྡོ་ཕུག་འབྲུག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment