གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་མི་ མང་སུ་འཐོན་དོ་ཡོདཔ།

ཟླ་༤ པའི་ཚེས་༢༥

༉ ཕུན་ཚོགས་གླིང་ལུ་ ཉེས་ལས་ཨར་རྐུན་དང་ བརྡུང་རྫོབ་འབད་མིའི་གྱངས་ཁ་དེ་ ཨང་གཉིས་པ་སྦེ་ཡོད་ཟེར་ ཁྲིམས་སྲུང་འགག་པའི་གནས་ཐོའི་ནང་ལས་ གསལ་སྟོན་འབདཝ་ཨིན་མས།


དེ་གི་ཤུལ་ལས་ སྣུམ་འཁོར་གྱི་ཅ་ཆས་དང་ འཕྲུལ་ལྟོ་ཨར་རྐུན་འབད་མི་ཚུ་ ཐོན་ཡོདཔ་ཨིན་པས།
འདས་པའི་ལོ་དང་ སྤྱི་ལོ་༢༠༡༠ ནང་ ཁྲིམས་འགལ་གྱི་ལཱ་འབད་བའི་ གནས་ཐོ་ནང་ ཡོངས་བསྡོམས་༡༩༡ དང་༡༨༥ ཡོད་པའི་ཁར་ སྤྱི་ལོ་ ༢༠༡༡ ལུ་ ཨར་རྐུན་གྱི་གྱངས་ཁ་དེ་ འདས་པའི་ལོ་དང་ཕྱདཔ་ད་ གསུམ་མར་བབས་སོང་ཡོདཔ་ལས་ ཡོངས་བསྡོམས་༥༡ ཡོདཔ་ད་ བརྡུང་རྫོབ་འབད་མིའི་གྱངས་ཁ་དེ་ སྤྱི་ལོ་༢༠༡༡ ལུ་ ༤༧ དང་ སྤྱི་ལོ་༢༠༡༠ ལུ་༥༧ གནས་ཐོ་ནང་བཀོད་ནུག།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤད་མིའི་ནང་ ཨར་རྐུན་གྱི་བྱ་ངན་དེ་ ཁྱིམ་ནང་མི་སྡོད་མི་མེད་པར་ སྟོངམ་བཞག་པའི་སྐབས་ལུ་ བྱུང་ནུག་ཟེར་ཨིནམ་ད་ ལ་ལུ་ཅིག་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ཁར་ ཡང་ཅིན་ ཇོ་བདག་ཚུ་གིས་ སྣང་མེད་སྦེ་ བཞག་མི་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཨར་རྐུན་འབད་མི་མང་ཤོས་ཅིག་གིས་ དངུལ་རྐྱང་དང་ དེ་གི་འོག་ལས་ རྒྱན་ཆའི་རིགས་དང་ གློག་ཆས་ཀྱི་རིགས་ཚུ་ལུ་ དམིགས་གཏད་འབདཝ་མས་ཟེར་ཨིན་པས།
ཨར་རྐུན་ཤོར་མིའི་ཅ་ཆས་ཚུ་ ལོག་འཐོབ་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་བཀོད་མི་དེ་ཡང་ ཅ་ཆས་ཚུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་འབག་སྟེ་ བཙོངམ་མས་ཟེར་ཨིན་པས།
དེ་མ་ཚད་ ཨརཝ་རྐུ་མི་དེ་ ཇའི་སྒང་སྡོད་མི་འབད་བ་ཅིན་ དེ་གིས་ ཧེང་སྐལ་ར་ འཛིན་བཟུང་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤད་མི་དེ་ཡང་ བྱ་ངན་འབད་མི་དེ་ འཛིན་བཟུང་འབད་མ་ཚུགསཔ་མ་ཚད་ དཀའ་ངལ་ཚུ་ཡང་ བསལ་མི་ཚུགས་པས་ཟེར་ཨིན་མས།
བྱ་ངན་འབད་མི་དོགས་ཅན་དེ་ གལ་སྲིད་ འབྲུག་མི་འབད་རུང་ ཅ་ཆས་ཚང་སྒྲིག་ ཡོད་མེད་སྐོར་ལས་ དཀའ་ངལ་བསལ་མ་ཚུགས་མི་དེ་ཡང་ དེ་ཚུ་ལུ་ བདེན་ཁུངས་ཚུ་ མེད་ནི་དེ་གིས་ ཨིན་མས་ཟེར་ཨིནམ་ད་ ད་ལྟོའི་རིང་ལུ་ཡང་ བྱ་ངན་གྱི་གྱངས་ཁ་བརྒྱ་ཆ་༥༠ དེ་ཅིག་བསལ་མ་ཚུགས་པར་ ལུས་ཡོད་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྣུམ་འཁོར་གྱི་ཅ་ཆས་ གྱིབ་འཁོར་དང་ སྙན་ཆའི་སྒྲ་འཁོར་ཚུ་བྱང་སྟོར་ཤོར་མི་ཡང་ ཕུན་ཚོགས་གླིང་ལུ་ ལེ་ཤ་ར་ཡོད་ཟེར་ཨིནམ་ད་ སྤྱི་ལོ་ ༢༠༡༠ ལུ་ སྣུམ་འཁོར་ཅ་ཆས་ ཨར་རྐུན་འབད་མི་༣༡ ཐོན་ཡོདཔ་ཨིན་པས། བྱ་ངན་འབད་མི་ཚུ་གིས་ གལ་སྲིད་ སྣུམ་འཁོར་ནང་ན་ མཁོ་ཆས་ཚུ་ མཐོངམ་འདྲཝ་ཅིག་འབད་བ་ཅིན་ སྣུམ་འཁོར་ཡང་ གནོད་སྐྱོན་རྐྱབ་སྟེ་ མེདཔ་བཏངམ་མས་ཟེར་ཨིན་པས།  
ང་བཅས་ཀྱིས་ མི་སེར་ཚུ་ལུ་གསོལ་འདེབས་ཞུ་ནི་ དེ་ཡང་ སྣུམ་འཁོར་ནང་ན་ སྣང་ཆུང་ཤོས་ བེག་སྟོངམ་ཅིག་ར་འབད་རུང་ མ་བཞག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
འདས་པའི་ལོའི་ ནང་འཁོད་ལས་ འཕྲུལ་ལྟོ་ཨར་རྐུན་འབད་མི་༡༣ ཐོན་ཡོདཔ་ད་ ནང་འཁོད་མ་འགྲིགས་པའི་རྩོད་དོན་དེ་ མང་ཤོས་ར་ ཆང་འཐུང་མི་ལུ་བརྟེན་ཏེ་ ཨིན་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ མང་ཤོས་ར་ རང་གི་གཉེན་གྲོགས་ལུ་ བཙུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ དམར་བསད་འབད་མི་ རེ་རེ་ཐོན་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ འཕྲོག་བཅོམ་འབད་མི་༩ དང་ སྤྱི་ལོ་༢༠༡༠ ལུ་ ཉོགས་མེད་དང་ཁས་བླངས་ཐོག་ལས་ མི་དམར་བསད་འབད་མི་གི་ གནས་ཐོ་ཚུ་ཡང་ཡོདཔ་ཨིན་མས།
བྱ་ངན་གྱི་ལཱ་བྱ་འཐབ་མི་མང་ཤོས་ར་ ན་གཞོན་ཚུ་ཨིན་པའི་གནས་ཐོ་ཡོདཔ་ད་ སྡེ་ཚན་གཞན་མི་དེ་ ལཱ་གཡོག་མེད་མི་ཚུ་གིས་ ཕུན་ཚོགས་གླིང་ལུ་ འདི་བཟུམ་གྱི་ བྱ་ངན་ཚུ་འབད་དོ་ཡོདཔ་ཨིན་པས།
བྱ་ངན་འབད་མི་ བརྒྱ་ཆ་༥༠ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཨིནམ་ད་ གཞན་མི་ཚུ་ ལཱ་གཡོག་མེད་མི་ སྐྱེས་ལོ་༡༦-༤༠ འི་བར་ན་ འབད་མི་ཚུ་ཨིན་མས་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བྱ་ངན་གྱི་འབྲེལ་གཏོགས་ནང་ དོ་འགྲན་སྦོམ་ཤོས་དེ་ ཚན་རིག་བརྟག་དཔྱད་ཀྱི་ འཕྲུལ་ཆས་ཚུ་མེད་པར་ ཞིབ་དཔྱད་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ དྲན་སྟོན་ཐོག་ལས་ ས་གནས་ཁག་ཚུ་ནང་ལས་ཕར་ ལྟ་རྟོག་ཚུ་ འབད་བཞིན་དུ་ར་ཡོད་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཀུན་གསལ་ལས་བྱེདཔ།

No comments:

Post a Comment