གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེའི་ཁེ་ཕན་དོན་ལུ་ དངུལ་ཀྲམ་ས་ཡ་༥༡༦ ཁས་ལེན་འབད་ཡོདཔ།

ཟླ་༤ པའི་ཚེས་༢༥

གྲོགས་རམ་མ་དངུལ་ཐོག་ལས་ ས་གནས་ནང་འཁོད་ཀྱི་ སློབ་གྲྭ་དང་ སྨན་ཁང་ སྨན་ཁང་འབྲིང་མ་ ཁྲིམས་སྲུང་འགག་སྡེ་ མགྱོན་ཁྱིམ་ སྣུམ་འཁོར་ལམ་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་མ་ཚད་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཨིན་པས།


ས་ཁོངས་ནང་ ལོག་བཏང་མི་ ཆུ་བྱ་དཀརཔོ།
༉ སྤུ་ན་གཙང་ཆུ་ལས་འགུལ་༡ དང་༢ ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་གནས་ཀྱི་ མི་སྡེ་ཚུ་གི་དོན་ལུ་ སློབ་གྲྭ་དང་ སྨན་ཁང་ སྨན་ཁང་འབྲིང་མ་ ཁྲིམས་སྲུང་འགག་སྡེ་ མགྱོན་ཁྱིམ་ སྣུམ་འཁོར་ལམ་ དེ་ལས་ འཐུང་ཆུ་བཀྲམ་སྤེལ་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༡༦ ལྷགཔ་ཅིག་ བྱིན་ནི་གི་ཁས་ལེན་འབད་ཡི་ཟེར་ཨིན་པས།


སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལོད་སྦིས་ས་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དངུལ་ཀྲམ་ས་ཡ་༣.༥ གནས་པའི་ སློབ་ཁང་༦ ཡོད་པའི་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ གོང་ཚད་དངུལ་ཀྲམ་ས་ཡ་༡༢.༩ གི་ཐོག་ལས་ བ་འཇོ་ཐང་ སྨན་ཁང་འབྲིང་མ་དེ་ ཡར་སེང་རྐྱབ་ཡོདཔ་ཨིན་པས།
དེ་ལས་ བ་འཇོ་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ དངུལ་ཀྲམ་ས་ཡ་༡༧༤.༤ གི་ཐོག་ལས་ སློབ་ཁང་༦ ཡོད་པའི་ སྒྲིང་ཁྱིམ་ཚུ་དང་ བརྟག་དཔྱད་ཁང་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
འབྱ་འཚོ་ཁ་ལུ་ ཁང་ཚན་༦༩ དང་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་ཅིག་ བཟོ་སྐྲུན་འབད་ནི་ཨིན་མི་དེ་ ད་ལྟོ་ བཀོད་རིས་ཚུ་ བཟོ་ཚར་ཡོདཔ་ལས་ འཕྲལ་མགྱོགས་ར་ ལཱ་འགོ་བཙུག་ནི་ཨིན་པས།
རྡོ་མེད་སྒང་ལས་ ལྕང་ཅེ་ཚུན་ གོང་ཚད་དངུལ་ཀྲམ་ས་ཡ་༢༣.༡ གི་ཐོག་ལས་ ཞིང་ལམ་ཀི་ལོ་མི་ཊར་༢.༣ བསལ་ནི་ཨིན་མི་དེ་ཡང་ གྲ་སྒྲིག་སོང་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ འགོ་དཔོན་ཚུ་ ད་རེས་ནངས་པ་ སྨན་ཁང་འབྲིང་མ་ཅིག་ ཡར་སེང་འབད་ནིའི་གྲོས་འཆར་གུ་ ལཱ་འབད་བའི་བསྒང་ཡོདཔ་མ་ཚད་ རྫོང་ཁག་གི་ མགྱོན་ཁྱིམ་ཡང་ བཅོ་ཁ་རྐྱབ་པའི་བསྒང་ཡོདཔ་ད་ ཛ་འོག་ཁ་ལུ་ འཐུང་ཆུ་བཀྲམ་སྤེལ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཁང་ བཟོ་སྐྲུན་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ སྔོན་རྩིས་དང་འཁྲིལཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩༠ ལྷགཔ་ཅིག་ གནས་ནི་ཨིན་པས།
མཐའ་འཁོར་གནས་སྟངས་ ཉམས་སྲུང་གི་དོན་ལུ་ རྒྱལ་ཡོངས་གཞུང་ལམ་བདའ་སྟེ་ ས་ཆ་ཧེག་ཊར་༡༠ ནང་ ཤིང་༤༨༥ བཙུག་ནི་ཨིནམ་མ་ཚད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༦ གི་ཐོག་ལས་ ཧེག་ཊར་༢ ནང་ ལྕང་སོན་འཛུགས་སྐྱོང་འབད་ནི་ཨིན་པས།
དབང་འདུས་ཕོ་བྲང་ནགས་ཚལ་སྡེ་ཚན་གྱིས་ དངུལ་ཀྲམ་ས་ཡ་༧.༥ གི་ཐོག་ལས་ ས་ཆ་ཧེག་ཊར་༣༧ ནང་ ཤིང་༥༩,༠༠༠ བཙུག་ནི་ཨིནམ་མ་ཚད་ སྤུ་ན་ཁ་རྫོང་ཁག་གིས་ དངུལ་ཀྲམ་༤༨༠,༠༠༠ བྱིན་ཐོག་ལས་ འཛོམས་གླིང་ཐང་དང་ ཕོ་ཆུ་མོ་ཆུ་འཛོམས་སར་ ཤིང་འཛུགས་སྐྱོང་འབད་བའི་བསྒང་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ རིགས་དཀོན་དྲགས་ཅན་གྱི་ སེམས་ཅན་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥,༢༤ བྱིན་ནི་གི་ ཁས་ལེན་འབད་ཡོདཔ་ད་ ཆུ་བྱ་དཀརཔོ་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་བརྒྱུད་དེ་ རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལུ་ ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༢ བྱིན་ཡོདཔ་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ དངུལ་ཀྲམ་ས་ཡ་༢.༧ ཁ་སྐོང་བྱིན་ནི་ཨིན་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་དང་ བསྟན་སྐྱོང་གླིང་དྲག་པོའི་དམག་སྡེ་ལུ་ འབྲུག་ཉའི་སོན་སྤེལ་ནི་གི་ གསོ་སྐྱོང་ཁང་རྐྱབ་ནིའི་དོན་ལུ་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༡.༨ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

ཀུན་གསལ་ལས་བྱེདཔ།

No comments:

Post a Comment