གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེན་བཅོལ་ལས་འཛིན་གྱི་ ལྟ་བཀོདཔ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ།

ཟླ་༤ པའི་ཚེས་༣༠

༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་རྒྱལ་གཞུག་ཉེན་བཅོལ་ལས་འཛིན་གྱི་ མ་དངུལ་སྒེར་སྤྱོད་འབད་མི་ ལས་འཛིན་གྱི་ སྤྱིར་བཏང་ཉེན་བཅོལ་ལས་ཁུངས་ཀྱི་ ལྟ་བཀོདཔ་དེ་ལུ་ བཙོན་ཁྲིམས་ལོ་ངོ་༥ བཀལ་ནུག།


ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལས་ཚུར་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་མི་ ལྟ་བཀོདཔ་ཟླ་བ་དཔལ་འབྱོར་གྱིས་ ལས་འཛིན་གྱི་ མ་དངུལ་ཀྲམ་ས་ཡ་༡.༣༤༢ ཚུལ་མིན་ཐོག་ སྒེར་སྤྱོད་འབད་ཡོད་མི་དེ་ དུས་ཡུན་ལོ་ངོ་༡ གི་ནང་འཁོད་ལུ་ ལོག་བཙུགས་དགོཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
མ་དངུལ་ཚུལ་མིན་ཐོག་ སྤྱོད་ཡོད་པའི་སྐོར་ ལོ་མཇུག་བསྡུའི་ རྩིས་ཁྲ་བདེ་སྒྲིག་བཟོ་བའི་སྐབས་ བདའ་ཟུན་ཡོདཔ་བཞིན་དུ་ ཉེས་ཅན་དེ་གིས་ཡང་ རྫུན་ཁ་བཟེད་ཡོདཔ་ད་ ལྟ་བཀོདཔ་དེ་གིས་ ཡིག་ཆ་ཚུ་ རྫུས་མ་བཟོ་ཐོག་ མ་དངུལ་སྒེར་སྤྱོད་འབད་བའི་ཁར་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་རྐྱབ་པའི་ཤུལ་ལས་ སྡོད་ཁྱིམ་གནོད་སྐྱོན་བྱུང་མི་ཚུ་གི་ མིང་རྫུས་མ་བཀོད་ཐོག་ལས་ གྲོང་གསེབ་ཀྱི་ ཉེན་བཅོལ་མ་དངུལ་ཚུ་ ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
རྩོད་དོན་དེ་ ཐིམ་ཕུ་ཁྲོམ་སྡེའི་ ཁྲིམས་སྲུང་འགག་པ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་པའི་ཤུལ་ལས་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་ཡོདཔ་ད་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ནང་ མ་དངུལ་སྒེར་སྤྱོད་འབད་མི་དེ་ འདས་པའི་ལོ་ངོ་གསུམ་གྱི་ནང་ ཐེངས་གཉིས་པ་ཨིན་པའི་གནས་ཚུལ།

No comments:

Post a Comment