གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཕམ་མི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ཆོག་ནི།

༉ སང་ཕོད་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པ་༢ ལས་ལྷག་སྟེ་ འཐོན་པ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་༢ བཙག་འཐུ་འབདཝ་ད་ སྲིད་ཚོགས་ཕམ་སོ་མི་ཚུ་གི་ འདེམས་ངོ་ཚུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་གང་རུང་ནང་ འཛུལ་ཐོག་ལས་ དོ་འགྲན་འབད་ཆོག་ནི་ཨིན་པས།

དེ་ཡང་ སྲིད་དོན་ཚོགས་པ་གཉིས་ཆ་ར་ལས་ ངོས་ལེན་གྱི་གནང་བ་ གསལ་སྟོན་འབད་བ་ཅིན་ སྲིད་ཚོགས་སོ་སོའི་ནང་ འཛུལ་ཆོག་ཟེར་ འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ གློག་འཕྲིན་ཐོག་ལས་ དྲི་བ་དྲིས་ལན་ནང་ བཤདཔ་ཨིན་པས།
འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༢༠༩ པའི་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ མི་ངོ་དེ་ སྤྱིར་བཏང་བཙག་འཐུའི་ དོ་འགྲན་དོན་ལུ་ མཐར་འཁྱོལ་མ་ཚུགས་མི་ ཐོ་བཀོད་གྲུབ་པའི་ སྲིད་དོན་ཚོགས་པའི་ འཐུས་མི་ཨིན་རུང་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་ལུ་ སྲིད་དོན་ཚོགས་པ་༡ གིས་ འཐུས་མི་དང་ གདམ་ངོ་འབད་ བཙུགས་ཆོགཔ་ཨིན་པས།
དེ་འབདཝ་ད་ མི་ངོ་དེ་གིས་ ཁོ་རའི་ཐོག་མའི་ སྲིད་དོན་ཚོགས་པ་ལས་ འཐུས་མི་འགན་དབང་དེ་ ཆ་མེད་གཏང་དགོཔ་ཨིན་པས།
ཨིན་རུང་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་ཆ་མཉམ་གྱིས་ དོ་འགྲན་འབད་ནི་ཨིན་མི་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་ལུ་ འདེམས་ངོ་༤༧ ཆ་མཉམ་ཚངམ་སྦེ་ དགོཔ་ཨིན་པས།
འབྲུག་ལུ་ སྲིད་དོན་ཚོགས་པ་ཅིག་ལུ་ ཐོ་བཀོད་ཅན་གྱི་ ཚོགས་པའི་འཐུས་མི་ཚུ་གི་གྲས་ལས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ འོས་འབབ་ལྡན་པའི་ འདེམས་ངོ་ཚུ་གི་ གྲངས་ཚད་ཚངམ་སྦེ་དགོ་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་པའི་ཁར་ འདེམས་ངོ་ཚུ་ཡང་ འདེམས་ཁོངས་ཚུ་གི་ གྱངས་ཁ་དང་འཁྲིལ་ དགོཔ་ཨིན་ཟེར་ བཤདཔ་ཨིན་པས།
བཅའ་ཁྲིམས་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པ་ཅིག་གིས་ དོ་འགྲན་ཁས་ལེན་གྱི་ ཡི་གུ་ཕུལ་བའི་སྐབས་ལུ་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་སྲིད་ནི་ཨིན་པའི་ འདེམས་ངོ་ཚུ་གི་ ངེས་མེད་ཐོ་ཡིག་ཅིག་ གསལ་བཀོད་འབད་དགོཔ་ཨིན་པས།
དེ་སྦེ་དགོ་མི་དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ལས་ སྤྱི་ཚོགས་ནང་ འབྲེལ་གཏོགས་འབད་ནི་ཨིན་པའི་ འདེམས་ངོ་ཚུ་ ངོ་ཤེས་ནིའི་དོན་ལུ་དང་ ཚོགས་པ་ལུ་ཡང་ ཕན་ཁྱད་འབྱུང་ཐབས་ལུ་ཨིན་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment