གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རག་དང་ སག་སྟེང་ལུ་ཡང་ རུ་པིའི་བྱེམ་ཕོག་དོ་ཡོདཔ།

ཟླ་༤ པའི་ཚེས་༣༠

འབྱོགཔ་གི་མི་སྡེའི་ནང་ རྒྱ་གར་གྱི་རུ་པི་ ཧེ་མ་བཟུམ་སྦེ་ མི་ཐོབ་པས་ཟེར་ཨིན་བས།

ཧེ་མ་བཟུམ་སྦེ་ རུ་པི་འབག་ནི་མེད་མི་ མེ་རག་གི་འབྱོགཔ་ཚུ།
༉ བཀྲིས་སྒང་རྫོང་ཁག་གི་ བྱང་ཕྱོགས་ཁ་ཐུག་ལུ་ཡོད་མི་ མེ་རག་དང་ སག་སྟེང་གི་ མི་སེར་ཚུ་ འཚོ་བ་སྒོ་ནོར་ལུ་ བརྟེན་སྡོད་མི་ཨིནམ་ལས་ ཁོང་གི་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ མང་ཤོས་ར་ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་པར་དེཤ་གི་ས་གནས་ ཏ་ཝང་ལུ་ བཙོང་ཐོག་ལས་ དངུལ་རྐྱང་རུ་པིའི་ འབབ་ཁུངས་བཟོ་དོ་ཡོདཔ་ལས་ ད་ཚུན་གྱི་བར་ན་ འབྱོགཔ་ཚུ་ལུ་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་མ་བྱུངམ་ཨིན་པས།

ཁྱིམ་ཐོག་ལྕགས་ཤོག་བཀབ་མི་ལུ་བརྟེན་ ཧེ་མ་དང་མ་འདྲཝ་སྦེ་མཐོང་མི་ སག་སྟེང་གཡུས་ཚན།

ཨིན་རུང་ འདས་པའི་བདུན་ཕྲག་དག་པ་ཅིག་ལས་ འབྱོགཔ་ཚུ་གིས་ བ་ནོར་གྱི་ཐོན་སྐྱེད་ དཔེར་ན་ མར་དང་དར་ཚིལ་ ཟས་ཐུད་ དེ་ལས་ རེ་ཚེ་སྐབས་ ཤ་ཚུ་ཡང་ ཏ་ཝང་ལུ་ བཙོང་ནི་གི་ དུས་ཚོད་མ་རན་མི་ལུ་བརྟེན་ གསོག་འཇོག་ནང་ཡོད་མི་ རུ་པི་ཚུ་ རྫོགས་དོ་ཡོདཔ་ཨིན་པས།
འབྱོགཔ་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རུ་པི་ལངམ་མེད་པའི་ དཀའ་ངལ་ཐོན་ཡོད་མི་དེ་གིས་ ཁོང་གི་ མི་སྡེའི་ནང་ཡང་ བྱེམ་ཕོག་དོ་ཟེར་ཨིནམ་ད་ མེ་རག་དང་ སག་སྟེང་རྒེད་འོག་གཉིས་ལས་ ཚོང་པ་དང་ སྒོ་ནོར་འཚོ་སྐྱོང་འཐབ་མི་ དེ་ལས་ ཞི་གཡོགཔ་ཚུ་གིས་ སླབ་མིའི་ནང་ ཧེ་མར་ འབོར་ཆེ་ཏོག་ཏོ་སྦེ་ ཐོབ་སྲོལ་ཡོད་མི་ རུ་པི་ཚུ་ ད་རེས་འབདཝ་ད་ མི་སྡེའི་ནང་ ལག་ལེན་འཐབ་སར་ གངམ་མི་མཐོང་པས་ཟེར་ཨིན་པས།
མེ་རག་དང་ སང་སྟེང་གི་ མི་སེར་ཚུ་ ས་མཐོ་ས་ལས་ དམའ་ས་ལུ་ ཚོང་ཁང་ཚུ་ནང་ལས་ ཅ་ཆས་ཚུ་ ཉོ་བར་འོངམ་ད་ ཧེ་མ་བཟུམ་སྦེ་ རུ་པི་འབག་འོང་ནི་མིན་འདུག་ཟེར་ ཕོངས་མེད་ལས་ ཚོང་པ་བསོད་ནམས་བཟང་མོ་གིས་ བཤད་ཡོདཔ་ད་ ར་ལྡི་མཁར་དུང་གི་ ཚོང་པ་ཚུ་གིས་འབད་བ་ཅིན་ སྤྱི་ཟླ་༣ པ་ལས་ཚུར་ ཚོང་ཁང་ཚུ་ནང་ རུ་པི་ལྷོད་ནི་ཚུ་ མར་བབས་སྦོམ་སྦེ་ར་ ཡང་སོ་ཡི་ཟེར་ཨིན་པས།
མེ་རག་ལས་ ཉིནམ་༡ ལམ་འགྱོ་དགོ་པའི་ས་གནས་ མཁར་དུང་དེ་ མེ་རག་གི་ མི་སེར་མང་ཤོས་ཅིག་གི་དོན་ལུ་ ཚོང་འབྲེལ་ལྟེ་བ་ཅིག་ཨིནམ་ད་ དེ་བཟུམ་སྦེ་ སག་སྟེང་གི་ ནོར་འཚོ་མི་ཚུ་ ཉོ་ཚོང་རྐྱབ་པར་ ཕོངས་མེད་ལུ་འོངམ་ད་ ཉིནམ་གཉིས་ལམ་འགྲུལ་འབད་དགོཔ་ཨིན་པས།
བསོད་ནམས་བཟང་མོ་གིས་འབད་བ་ཅིན་ ད་རེས་ནངས་པ་ འབྱོགཔ་ཚུ་གི་ལག་པར་ རུ་པི་བརྒྱ་ལོར་མཐོང་ནི་ཕར་བཞག་ བཅུ་ལོར་༡ ཡང་ འབག་འོང་སར་མི་མཐོང་པས་ཟེར་ཨིནམ་ད་ ཟླཝ་༡ དེ་ཅིག་གི་ཧེ་མར་ ང་བཅས་ནཱ་ལུ་ རུ་པི་རྒྱ་ཆེཝ་སྦེ་ ལྷོད་ནི་ཡོད་རུང་ བར་སྐབས་ཅིག་ལས་ ལྷོད་ནི་མིན་འདུག་ཟེར་ ཕོངས་མེད་ལས་ ཚོང་པ་སྒྲོལ་མ་མཚོ་མོ་གིས་ སླབ་ཨིན་པས།
སང་སྟེང་ཁྲག་ཁྲི་ལས་ ཚོང་པ་པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༣ པ་ལས་ ཁོ་གི་ཚོང་ཁང་ནང་ཡང་ རུ་པིའི་ཐོག་ལུ་ ཉོ་ཚོང་རྐྱབ་མི་ མར་བབས་སོང་ཡི་ཟེར་ཨིནམ་ད་ རུ་པིའི་དཀའ་ངལ་འགོ་མ་བཙུགས་པའི་ཧེ་མར་ ཁོ་གི་ཚོང་ཁང་ནང་ ཉིན་བསྟར་བཞིན་དུ་ རུ་པི་༢,༠༠༠ ལས་༣,༠༠༠ དེ་རེ་ འཐོབ་ནི་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཉིནམ་༡ ནང་ རུ་པི་༢༠༠ དེ་ཅིག་ཡང་ ཐོབ་མི་ཚུགས་པས་ཟེར་ པདྨ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་མ་ཚད་ འབྱོགཔ་ཚུ་ རུ་པི་སྟོང་ལོར་དང་ ལྔ་བརྒྱ་ལོར་ཚུ་ དངུལ་ཁང་ནང་ ལེན་ནི་མེད་མི་ལུ་བརྟེན་ བཀྲིས་སྒང་ལུ་ ཚོང་ཁང་ཚུ་ནང་ལས་ བརྗེ་སོར་འབད་བར་ འོང་ནི་ཡོད་མི་དེ་ཡང་ མཚམས་འཇོག་འབད་ཡོདཔ་ཨིན་པས།
ད་རུང་ འབྱོགཔ་ཚུ་གིས་ སློབ་གྲྭའི་འཐུས་ཚུ་ རུ་པིའི་ནང་ སྤྲོད་སྲོལ་ཡོད་མི་དེ་ཡང་བཞག་སྟེ་ དངུལ་ཀྲམ་ཐོག་ལུ་ སྤྲོདཔ་མས་ཟེར་ སག་སྟེང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ཅིག་གིས་ སླབ་ཨིན་པས།
ནོར་མངམ་ཡོད་མི་ འབྱོགཔ་འབྱོར་པ་ཅན་ཚུ་ ཁྱི་ལི་ཕུ་དང་ ཁཱཤ་སྟེང་ལུ་ཡོད་མི་ ནོར་གྱི་བྱང་ས་ཚུ་ལས་ གཡུས་ཚན་ཚུ་ནང་ མ་འོངམ་ལས་ བདུན་ཕྲག་དག་པ་ཅིག་གི་ཤུལ་ལས་ ཁོང་ཆ་ཁྱབ་ལྷོདཔ་ད་རྐྱངམ་གཅིག་ རུ་པི་འཐོབ་འོང་ཟེར་ མེ་རག་ལས་ ནོར་འཚོ་མི་ བླམ་རིན་ཆེན་གྱིས་ སླབ་ཨིན་པས།
ད་རུང་ འབྱོགཔ་ཚུ་གིས་འབད་བ་ཅིན་ མེ་རག་དང་ སག་སྟེང་རྒེད་འོག་གཉིས་ལས་ རུ་པི་འབག་འགྱོ་མི་ མངམ་ཐོན་མི་དེ་གིས་ཡང་ རུ་པི་གསོག་འཇོག་ཚུ་ ཧ་སུ་སྦེ་ རྫོགས་སོ་ཡི་ཟེར་ཨིནམ་ད་ དེ་ཡང་ བཀྲིས་སྒང་ལས་ བསམ་གྲུབ་ལྗོངས་མཁར་ལུ་འགྱོ་མི་ ཚོང་པ་དང་ ཁག་འབགཔ་ ཞི་གཡོགཔ་ གྲོང་གཡུས་མི་སེར་ཚུ་གིས་ འབྱོགཔ་ཚུ་ལས་ རུ་པི་འཚོལ་དོ་ཡོདཔ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ བླམ་རིན་ཆེན་གྱིས་ བཀྲིས་སྒང་ཁྲོམ་ཁར་ ཁོ་རའི་ཆ་རོགས་ ཁག་འབག་གི་ ལཱ་འབད་མི་ཅིག་ལུ་ རུ་པི་༥༠,༠༠༠ འབག་སྤྲོད་ཡོདཔ་ཨིན་པས།
ཨིན་རུང་ འབྱོགཔ་ཚུ་གིས་འབད་བ་ཅིན་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ སྤྱི་ཟླ་༥ པའི་ནང་ ཚོང་འབྲེལ་འཐབ་ནི་ འགོ་བཙུག་ཞིནམ་ལས་ རུ་པི་མ་ཐོབ་པའི་ དཀའ་ངལ་མི་བྱུངམ་འོང་ཟེར་ ཨིན་པའི་གནས་ཚུལ།

ཀུན་གསལ་ལས་བྱེདཔ།

No comments:

Post a Comment