གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ སྐྱ་ནམ་གོང་ཚད་ ཡར་སེང་སོང་ཡོདཔ།

ཟླ་༤ པའི་ཚེས་༢༡

༉ འདས་པའི་ཟླཝ་ལས་ཚུར་ རྒྱལ་ཁབ་ནང་ རྒྱ་གར་གྱི་རུ་པིའི་དཀའ་ངལ་ལུ་བརྟེན་ ཤར་ཕྱོགས་ མོང་སྒར་རྫོང་ཁག་ཁྲོམ་དང་ ཉེ་འདབས་ཀྱི་ ཚོང་ཁང་ཚུ་ནང་ སྐྱ་རྣམ་གྱི་གོང་ཚད་ ཡར་སེང་དུམ་གྲ་རེ་སོང་བའི་ཁར་ དགོས་མཁོ་ཅན་གྱི་ ཅ་ཆས་ལ་ལུ་ཅིག་ ཐོབ་མི་ཚུགསཔ་ཨིན་པས།


ཕྱག་རྡོར་གྱིས་ ལོ་དག་པ་ཅིག་གི་ཧེ་མ་ལས་ མོང་སྒར་ལྕགས་སི་མཁར་ལུ་ ཚོང་ཁང་གཅིག་ སྒོ་ཕྱེ་སྟེ་སྡོད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཚོང་ཆས་ཀྱི་གོང་ཚད་ཚུ་ ཁྲོམ་ཁར་སེང་འགྱོ་བའི་བསྒང་ལས་ རང་བཞིན་གྱིས་ དུམ་གྲ་རེ་ཡར་སེང་འབད་དེ་ བཙོང་དགོ་པས་ཟེར་ཨིན་པས།
རྒྱལ་ཁབ་གོང་འཕེལ་གྱི་གྱུར་བ་དང་བསྟུན་ སྣུམ་འཁོར་ལམ་གྱི་མཐུན་རྐྱེན་ཚུ་ རྒེད་འོག་མང་ཤོས་ཅིག་ནང་ ལྷོད་ཡོདཔ་ལས་ ས་གནས་ཁག་ཚུ་ནང་ མི་སེར་ཚུ་གིས་ ཚོང་ཁང་བཙུགས་ཏེ་ཡོདཔ་ལས་ ཁོང་གི་ཚོང་ཁང་ནང་གི་ ཚོང་ཆས་ཚུ་ མོང་སྒར་ཁྲོམ་གྱི་ ཚོང་ཁང་སྦོམ་ཤོས་ཚུ་དང་ འབྲུག་བཟའ་སྤྱོད་ལས་འཛིན་ནང་ལས་ ཉོ་འདྲེན་འབད་དེ་ ཚོང་སྒྱུར་འཐབ་ཨིན་པས།
མོང་སྒར་ཁྲོམ་གྱི་ཚོང་པ་ ཚེ་རིང་གིས་ སླབ་མིའི་ནང་ ཅ་ཆས་མང་ཤོས་ཅིག་ བར་འབྲེལ་བ་ཚུ་གིས་ གོང་ཚད་ཡར་སེང་རྐྱབ་མི་ལུ་བརྟེན་ མོ་གིས་ཡང་ ཡར་སེང་རྐྱབ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚོང་པ་ཆུང་བ་ཚུ་ལུ་ ཚོང་ཆས་བཀྲམ་སྤེལ་འབད་མི་ ཇོ་བདག་ བཀྲ་ཤིས་དབང་རྒྱལ་གྱིས་ སླབ་མིའི་ནང་ རྒྱ་གར་གྱི་རུ་/པི་ཐོབ་མ་ཚུགས་པའི་དཀའ་ངལ་གྱིས་ ཕུན་ཚོགས་གླིང་ལས་ར་ སྐྱ་རྣམ་གྱི་གོང་ཚད་ ཡར་སེང་རྐྱབ་ཡོདཔ་ལས་ ཐབས་ལམ་སྟོན་ནིའི་ས་གོ་ཅིག་ རྩ་ལས་ར་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨོ་ཕྱེ་དང་ བསིལ་འཐུང་ ཕུ་རུཏ་ཊི་ ཁ་ཟས་ པར་ལི་ཇི་ཚུ་ གོང་ཚད་ཧེ་མ་བཟུམ་སྦེ་ཡོད་རུང་ སྐྱ་རྣམ་གཞན་གྱི་རིགས་ཚུ་ གོང་ཚད་ཡར་སེང་སོང་ཡི་ཟེར་ཨིནམ་ད་ ཧེ་མ་ མར་ཁུ་ལི་ཊར་༥ འབད་མི་ལུ་ རིན་གོང་ དངུལ་ཀྲམ་༣༨༠ གནས་མི་དེ་ ད་རེས་ནངས་པ་༤༥༠ ལུ་ ཡར་སེང་ སོང་ནུག་ཟེར་ཨིན་པས།
མོང་སྒར་ འབྲུག་བཟའ་སྤྱོད་ལས་འཛིན་ནང་འབད་བ་ཅིན་ མར་ཁུ་དང་ཆུམ་གྱི་གོང་ཚད་ དུམ་གྲ་རེ་ཡར་སེང་སོང་རུང་ གཞན་མི་ཅ་ཆས་ཚུ་ ཧེ་མའི་གོང་ཚད་ཐོག་ལུ་ར་ བཙོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment