གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ལུ་ གཞུང་ལམ་བསུབས་ཡོདཔ།


ཟླ་༤ པའི་ཚེས་༢༡


༉ སྤྱི་ཟླ་༤ པའི་ཚེས་༡༩ འི་ནུབ་མོར་ བཀྲིས་སྒང་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ས་རུད་ཆད་དེ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ལས་ འགྲུལ་འཁོར་ལམ་ བསུབས་ཡོདཔ་ཨིན་པས།
ས་རུད་དེ་ཡང་ བཀྲིས་གཡང་རྩེ་ལས་ མོང་སྒར་དང་ བཀྲིས་སྒང་འགྱོ་སའི་གཞུང་གྱི་ས་གནས་ ལྕགས་ཟམ་ལུ་ ཆད་ཡོདཔ་བཞིན་དུ་ ཁ་ཙ་ ལམ་དེ་བརྒྱུད་དེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་༥༠ དེ་ཅིག་ཐོགས་ལུས་ཡོདཔ་ཨིན་པས།



ལམ་སེལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་ལྕགས་ཟམ་ལས་ བཀྲིས་གཡང་རྩེ་ཚེར་སྒོམ་ཚུན་གྱི་ ས་གནས་ཁག་༦༠ དེ་ཅིག་ནང་ཡང་ ས་རུད་ཆད་དེ་ ལམ་བསུབས་ནུག་ཟེར་ཨིན་པས།
གཞུང་ལམ་དེ་ བསལ་ནིའི་དོན་ལུ་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་༥ བཙུགས་ཏེ་ཡོདཔ་ལས་ ད་རིས་ཕྱི་རུ་ཁམས་ཅིག་ལས་ སྣུམ་འཁོར་ཆུང་བ་ཚུ་ གཏང་ཚུགསཔ་བཟོ་ནི་ཨིན་ཟེར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ ཀེ་ཨེསི་ཨེམ་ པི་ལའི་གིས་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ ཉིནམ་༢ དང་༣ གྱི་བར་ན་ བསལ་ཚུགསཔ་ འབད་ནི་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ ལས་སྐྱིད་རྡོ་རྗེ་གིས་འབད་བ་ཅིན་ ལྕགས་ཟམ་ལས་ དགྲ་མེད་རྩེ་ཚུན་གྱི་གཞུང་ལམ་ ཐདམ་ཐད་ཁར་ལས་ཕར་ཡང་ བསུབས་ཡོདཔ་ལས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ཚུ་ལས་ ཐིམ་ཕུ་འགྱོ་མི་ འགྲུལ་འཁོར་བསི་ཚུ་ཡང་ བཀག་བཞག་སྟེ་ ཡོད་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment