གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་གསརཔ་ཅིག་ མེ་གིས་ ཐལ་བར་ བརླགས་བཏང་ཡོདཔ།

ཟླ་༤ པའི་ཚེས་༢༥

༉ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ དགེ་ལེགས་ཕུག་དྲུང་ཁག་ འཛོམས་གླིང་ཐང་གི་ སྦོ་ལོགས་ཁར་ ཐོག་ཚད་༡ འབད་མི་ སྡོད་ཁྱིམ་ཅིག་ མེ་གིས་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།


དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ མེ་གིས་འཚིགས་མི་ ཁྱིམ་དེ་ བདུན་ཕྲག་གསུམ་གྱི་ཧེ་མར་ གསར་བསྒྲུབས་འབད་བའི་ཤུལ་ལུ་ འཐུས་མི་༤ ཡོད་མི་ བཟའ་ཚང་ཅིག་ འཕྲལ་ཁམས་ཅིག་ཁར་ སྤོ་བཤུད་འབདཝ་ཅིག་ར་ཨིན་མས་ཟེར་ སླབ་ཨིན་པས།
ཁྱིམ་དེ་ནང་ གློག་མེ་མཐུད་སྦྲེལ་མ་འབད་བར་ཡོད་མི་ལུ་བརྟེན་ སྡོད་ཁྱིམ་པ་ཚུ་གིས་ ས་ཏི་བཏེགས་ཡོད་མི་ལས་ མེ་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྱིམ་ནང་སྡོད་མི་ཚུ་གིས་ ཅ་ཆས་ག་ནི་ཡང་ ཐོབ་མ་ཚུགས་པའི་ཁར་ ཁྱིམ་གསརཔ་རྐྱབ་ཚརཝ་ཅིག་འབད་ནི་དེ་གིས་ ཉེན་བཅོལ་ཡང་མ་འབད་བས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment