གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔེ་དེབ་འགྲེམས་སྟོན་ནང་ལས་ ཉེ་བར་མཁོ་བའི་ དཔེ་དེབ་ཚུ་ཉོ་ཡི་ག?

ཟླ་༤ པའི་ཚེས་༢༡

སློབ་ཕྲུག་ཚུ་གིས་ དཔེ་དེབ་འགྲེམས་སྟོན་ནང་ ལྟ་བའི་བསྒང་།
༉ རྒྱལ་ཡོངས་དཔེ་དེབ་འགྲེམས་སྟོན་ ཐེངས་༥ པ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ དེ་ནང་ ཤར་ཕྱོགས་རྫོང་ཁག་༦ དང་ བུམ་ཐང་རྫོང་ཁག་ནང་ལས་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་དང་ དཔེ་གཉེར་པ་ཚུ་གིས་ རང་སོའི་ དཔེ་མཛོད་ཚུ་གི་དོན་ལུ་ དཔེ་དེབ་ཚུ་ཉོ་དོ་ཡོདཔ་ཨིན་པས།


འགྲེམས་སྟོན་ནང་ དཔེ་དེབ་བཙོང་མི་ ཚོང་པ་༢༡ གིས་ བཅའ་མར་གཏོགས་མིའི་གྲས་ལས་ རྫོང་ཁའི་དཔེ་དེབ་རྐྱངམ་གཅིག་བཙོང་མི་ ཁང་མིག་༢ ལས་མེདཔ་ཨིན་པས།
དཔེ་དེབ་འགྲེམས་སྟོན་ནང་ རྫོང་ཁག་༧ ལས་ སློབ་གྲྭ་༢༥༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་གིས་ རང་སོའི་སློབ་གྲྭ་ཚུ་ནང་ མང་ཤོས་ར་ དགོས་མཁོ་ཆེ་བའི་ དཔེ་དེབ་ཚུ་ ཉོ་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ཚུ་ནང་ བསམ་གྲུབ་ལྗོངས་མཁར་ལུ་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ དཔེ་དེབ་ཚོང་ཁང་ ཕུད་རྡོག་༡ ཡང་མེདཔ་ད་ འགྲེམས་སྟོན་དེ་ དགོས་མཁོ་ལྡན་པའི་ དཔེ་དེབ་གདམ་འཐུ་འབད་ནིའི་དོན་ལུ་ གོ་སྐབས་བཟང་པོ་ཅིག་ཨིན་རུང་ སྤུས་ཚད་དང་ལྡན་པའི་དཔེ་དེབ་ཚུ་ སློབ་གྲྭ་མང་ཤོས་ཅིག་གིས་ ཉོ་ཡོད་པའི་དོགས་པ་ཡོད་རུང་ ལ་ལུ་ཅིག་གིས་ ཁང་མིག་༡ དང་༢ ནང་ལས་ ཉོ་ཡོད་པའི་ངོས་འཛིན་བྱུང་ནུག།
སློབ་གྲྭ་ཆེ་བ་ཚུ་ནང་འབད་བ་ཅིན་ དཔེ་དེབ་ཚུ་ ཉོ་ནིའི་དོན་ལུ་ སློབ་ཕྲུག་ཨ་ལུ་རེ་ལུ་ དངུལ་ཀྲམ་༣༠༠ རེ་ཡོདཔ་ད་ འབྲིང་རིམ་སློབ་གྲྭ་འོག་རྒྱུའི་ སློབ་ཕྲུག་ཚུ་ལུ་ མ་དངུལ་ དངུལ་ཀྲམ་༢༠༠ རེ་ཡོདཔ་ཨིན་པས།
ཉེ་འདབས་ཀྱི་ སློབ་གྲྭ་ལ་ལུ་ཅིག་གིས་ རང་སོའི་ ཆོས་ཚན་དང་འབྲེལ་བའི་སློབ་དཔོན་ཚུ་ལུ་ མ་དངུལ་བགོ་བཤའ་རྐྱབ་སྟེ་ སློབ་དཔོན་ཚུ་གིས་ གདམ་ཁ་རྐྱབ་སྟེ་ཉོ་སྲོལ་ཡོད་རུང་ མང་ཤོས་ཅིག་གིས་ ཡང་ཅིན་ སློབ་གྲྭ་རེ་ལས་ སློབ་དཔོན་རེ་དང་ དཔེ་གཉེར་རེ་ ལ་ལུ་ཅིག་གིས་ དཔེ་གཉེར་རྐྱངམ་གཅིག་དང་ ལ་ལུ་གཅིག་གིས་ སློབ་དཔོན་རེ་བཏང་ཡོདཔ་ཨིན་པས།
ཤེས་རིག་གི་ ལམ་སྟོན་དང་འཁྲིལཝ་ད་ སློབ་གྲྭ་ཚུ་གིས་ དཔེ་དེབ་ལྷམ་པ་གཅིགཔོ་དེ་ གྱངས་ཁ་༥ ལས་བརྒལ་ འབག་མ་ཆོག་པའི་ཁར་ རྫོང་ཁ་དང་ ཨིང་སྐད་རྩ་གཞུང་གི་ ཆོས་ཚན་ངོ་མ་༢ ཀྱི་ ལམ་སྟོན་དཔེ་དེབ་ཚུ་ གཞུང་ལུ་གཙོ་བོར་བཏོན་བཅུག་སྟེ་ གོང་འཕེལ་གཏང་ནིའི་དོན་ལུ་ བཙོང་མ་ཆོག་པའི་ཁར་ དཔེ་མཛོད་ཀྱི་མ་དངུལ་ཚུ་ དཔེ་དེབ་ཚུ་ ཉོ་ནིའི་དོན་ལུ་ ལོངས་སྤྱོད་དགོ་པའི་ཁར་ དཔེ་མཛོད་ཚུ་ནང་ གདམ་ཁ་སྣ་ཚོགས་ཡོད་པའི་ དཔེ་དེབ་ཚུ་ ཉོ་དགོཔ་ཨིན་པས།
ཨིན་རུང་ སློབ་གྲྭ་ལ་ལུ་ཅིག་གིས་ མཐུན་འབྲེལ་ཐོག་ལས་ ཁང་མིག་གཅིག་ནང་ལས་ར་ མ་དངུལ་ཡོངས་རྫོགས་སྦེ་ ཉོ་སྒྲུབ་འབད་ཡོད་པའི་ཁར་ སློབ་གྲྭ་དག་པ་ཅིག་གིས་ སློབ་གྲྭའི་གནས་ཚད་དང་མ་ལྡན་པའི་ དཔེ་དེབ་ཉོ་འབག་དོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
སློབ་གྲྭ་ཆེ་བ་ཚུ་གི་དོན་ལུ་ ཆུང་རིམ་སྡེ་ཚན་གྱི་ གནས་ཚད་དང་ལྡན་པའི་ ལྷག་དེབ་ཆུང་ཀུ་ཚུ་ ཉོ་འབག་འགྱོ་བ་ཅིན་ དོན་དག་ག་ཅི་ཡོད་ཟེར་ དཔེ་དེབ་བཙོང་སྟེ་ ལོ་༡༣ དེ་ཅིག་སོང་མི་ བི་བི་ཚོང་ལས་ཀྱི་ཇོ་བདག་ བཱལ་བཱ་སེནཊི་གིས་ བཤདཔ་ཨིན་པས།
མིག་གིས་ མཐོང་མི་ལ་ལུ་ཅིག་གིས་ སླབ་མིའི་ནང་ སློབ་དཔོན་མང་ཤོས་ཅིག་གིས་ དཔེ་དེབ་ཚུ་ ཚོང་བཙོང་མི་ཚུ་ལུ་ གདམ་ཁ་འབད་བཅུག་ནི་དེ་གིས་ དགོས་མཁོ་ལྡན་པའི་དཔེ་དེབ་ཚུ་ ག་དེ་སྦེ་ ཐོབ་ཚུགས་ནི་ཟེར་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་དེ་ནང་ དཔེ་དེབ་ཚུ་ཡང་ དངུལ་རྐྱང་ལག་སྤྲོད་ཐོག་ལས་མེན་པར་ རྩིས་བཱིལ་ཐོག་ལས་ ཉོ་ཡོདཔ་ད་ དཔེ་དེབ་ཉོ་ཚར་སྟེ་འགྱོ་བའི་སྐབས་ ཤེས་རིག་ལྷན་ཁག་འོག་གི་ རྩ་གཞུང་ཞིབ་འཚོལ་དང་ གོང་འཕེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཐོ་དང་འཁྲིལཝ་ད་ སློབ་གྲྭ་ལ་ལུ་ཅིག་གིས་ སློབ་གྲྭའི་མ་དངུལ་ཕྱེད་ཀ་ལྷགཔ་ཅིག་ ཁང་མིག་གཅིག་ནང་ལས་ ཉོ་ཡོད་པའི་ངོས་འཛིན་བྱུང་ཡོདཔ་ད་ ད་ལྟོ་ གནས་སྡུད་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་ལས་ དེ་སྦེ་ འབད་དགོ་མི་དེ་ཡང་ ངན་ལྷད་མེད་པར་ སློབ་གྲྭ་ཚུ་ནང་ གདམ་ཁ་ཅན་གྱི་དཔེ་ཚན་ཚུ་ ཁང་མིག་ཆ་མཉམ་ནང་ལས་ འདྲ་མཉམ་སྦེ་ ཉོ་བཅུག་ནིའི་དོན་ལུ་ཨིན་ཟེར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་སྦེ་འབད་མི་དེ་ཡང་ ལྟ་རྟོག་འབད་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment