གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་མེ་དང་ དངུལ་རྩིས་ལྷན་ཁག་གིས་ ད་རིས་ འཕྲོ་མཐུད་ རྩེད་འགྲན་འབད་ནི།

ཟླ་༤ པའི་ཚེས་༢༦

ཆ་རོགས་ཚུ་ལུ་ འབའ་གཏད་པའི་སྐབས་ མིག་ཏོ་ལེགས་ཤོམ་སྦེ་ མ་ལྟ་བ་ཅིན་ 
རང་ལུ་ བཀག་རེག་རྐྱབ་ནི་གི་ ཉེན་ཁ་ཡོདཔ་ལས་ 
འབའ་གཏད་མི་ཅིག་ ས་གོ་ནང་ལས་ བྲོས་ཟུར་འབད་བའི་བསྒང་།
༉ ཁ་ཙ་ འབྲུག་གློག་མེ་ལས་འཛིན་དང་ དངུལ་རྩིས་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལུ་ མཐའ་བཅད་འགྲན་བསྡུར་འོག་མ་རྩེད་འགྲན་འབདཝ་ད་ སྐུགས་དང་པམ་དེ་ དངུལ་རྩིས་ལྷན་ཁག་གིས་ཆོད་རུང་ སྐུགས་གཉིས་པ་དེ་ ཆོད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།


དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ ཆོད་པའི་སྐབས་ལུ་ འབྲུག་གློག་མེ་སྡེ་ཚན་གྱིས་ སྐུགས་༨ ལས་ཐོབ་མ་ཚུགསཔ་ལས་ ལྟདམོ་ལྟ་མི་ཚུ་གི་ མནོ་བའི་བསམ་དོན་ཚུ་ གྲུབ་མ་ཚུགས་པས།
སྡེ་ཚན་གཉིས་ཀྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ དུས་ཚོད་ཚང་བའི་སྐབས་ལུ་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༢༣ ཐོབ་ཡོདཔ་ད་ འབྲུག་གློག་མེ་སྡེ་ཚན་གྱིས་ སྐུགས་༡༡ ལས་ཐོབ་མ་ཚུགས་པས།
རེས་གཟའ་མིག་དམར་ལུ་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་དང་ ཁྱུང་སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འོག་མའི་ནང་ རྩེད་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ ཉིནམ་དང་པའི་ནང་ སྐུགས་གཅིག་ཆོད་པའི་ཤུལ་ལུ་ སྐུགས་གཉིས་པམ་དེ་ ཆོད་མ་ཚུགས་ལས་ འཕྲོ་མཐུད་ རེས་གཟའ་ལྷག་པ་ལུ་ རྩེད་འགྲན་འབད་ནུག།
སྡེ་ཚན་གཉིས་ཀྱིས་ སྐུགས་གཉིས་པའི་དོན་ལུ་ དོ་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༡༣ དང་ ཁྱུང་སྡེ་ཚན་གྱིས་ སྐུགས་༢༣ འབད་དུས་ཡུན་ཚང་སོཔ་ལས་ མདའ་མཇུག་བསྡུ་དགོཔ་བྱུང་ནུག།
དེ་གི་ནངས་པར་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ སྐོར་ཐེངས་གསུམ་གྱི་ ནང་འཁོད་ལུ་ སྐུགས་༢༥ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ་ཨིན་པས།
ད་རིས་ རྩེད་འགྲན་འབད་མི་ལས་ ག་གིས་རྒྱལ་ཁ་ཐོབ་མི་དེ་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་དང་གཅིག་ཁར་ སྤྱི་ཟླ་༥ པའི་ཚེས་༢ ལུ་ མཐའ་བཅད་འགྲན་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment