གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ སྦྲང་རྩི་གི་མཁོ་འདོད་ སྒྲུབ་མི་ཚུགས་དོ་ཡོདཔ།

ཟླ་༤ པའི་ཚེས་༢༣། ༉ བུམ་ཐང་ལུ་ སེར་སྦྱངམ་གི་ སྦྲང་རྩི་ཚུ་ ཟླཝ་དག་པ་ཅིག་གི་ཧེ་མ་ལས་ རྫོགས་སོ་ནི་དེ་གིས་ མཁོ་འདོད་སྒྲུབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།


བུམ་ཐང་ལུ་ རྒེད་འོག་༤ གི་ སྦྲང་རྩི་ཚོགས་པའི་འཐུས་མི་༣༢ ཀྱིས་ གསོ་སྐྱོང་འབད་མི་ སྦྱང་ཚང་ཚུ་ལས་ སྦྲང་རྩི་བསྡུ་སྒྱོམ་འབད་དེ་ བཙོང་དོ་ཡོདཔ་ཨིན་པས།
ལྕམ་མཁར་རྒྱལ་མཁར་ལུ་ སེར་སྦྱངམ་གསོ་སྐྱོང་ཚོགས་པའི་ཁྲི་འཛིན་ ཊེག་ བྷ་དུར་ པུ་ལ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྦྲང་རྩི་ལང་མ་ཚུགས་མི་དེ་ གཙོ་བོ་ར་ ལུང་གཤོང་ནང་ བྱཱོམ་རྒྱ་རེད་ཚུ་ འཛུགས་སྐྱོང་མ་འབད་བའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དོམ་གྱིས་ ལོ་བསྟར་བཞིན་དུ་ སྦྱང་ཚང་༣༠ ལྷགཔ་རེ་ མེདཔ་བཏང་མི་དེ་གིས་ གསོ་སྐྱོང་འབད་མི་ཚུ་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་་པའི་ཁར་ ལྟེ་བ་གིས་ སྦྱང་ཚང་མངམ་བཟོ་མི་ལུ་བརྟེན་ སེར་སྦྱངམ་ཚུ་ ལྟོ་ཐོབ་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁྲི་འཛིན་གྱིས་ ཧེ་མ་འབད་བ་ཅིན་ སྦྱང་ཚང་ཅིག་གིས་ སྦྲང་རྩི་ཀེ་ཇི་༧༠ ལྷགཔ་རེ་ ཐོན་ནི་ཡོད་རུང་ ད་རེས་ནངས་པ་ མཐོ་ཤོས་ཀེ་ཇི་༣༠ དེ་ཅིག་ལས་ མི་ཐོན་པས་ཟེར་ཨིནམ་ད་ བུམ་ཐང་གི་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བའི་ལཱ་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ཐོན་སྐྱེད་ཚད་ཅིག་ལས་ ཐོབ་མ་ཚུགས་ཟེར་ སླབ་ཨིན་པས།
སྦྲང་རྩི་དེ་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ཏེ་ ཟླ་མཇུག་ཚུན་ བསྡུ་སྒྱོམ་འབད་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ལོ་༡ ནང་ ཚར་༢ རེ་ བསྡུ་ནི་ཡོདཔ་ཨིན་པས།
སེར་སྦྱངམ་ཚུ་ སྟང་དང་ ཆོས་འཁོར་ དེ་ལས་ ཨུ་ར་རྒེད་འོག་ཚུ་ནང་གི་ འཐུས་མི་ཚུ་གིས་ གསོ་སྐྱོང་འབད་དེ་ ཚོང་འབྲེལ་ཡང་ ཁོང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལྕམ་མཁར་ཁྲོམ་ལས་ ཨམ་ཟླ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྦྲང་རྩི་ཚུ་ ཟླཝ་༢ ཀྱི་ཧེ་མ་ལས་ རྫོགས་སོ་རུང་ ད་ལྟོ་ཡང་ ཉོ་མི་ལེ་ཤ་ཐོནམ་མས་ཟེར་ཨིནམ་ད་ ལྟེ་བའི་ནང་ཡང་ འདས་པའི་ཟླཝ་༣ དེ་ཅིག་ལས་ རྫོགས་སོ་ནི་དེ་གིས་ ཤུལ་མའི་ཐོན་སྐྱེད་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ལྟེ་བའི་ཚོགས་པ་༣༢ ལུ་ ད་ལྟོ་ སྦྱང་ཚང་བསྡོམས་༩༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༡༩༨༦ ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ མཁོ་འདོད་བཀོད་མི་ཚུ་ལུ་ སྦྲང་རྩི་ལངམ་སྦེ་ བྱིན་མ་ཚུགས་པར་ཡོདཔ་ད་ མཁོ་འདོད་ཚུ་ལངམ་སྦེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ སྦྲང་རྩི་ཀེ་ཇི་༢༥,༠༠༠ ལྷགཔ་ཅིག་ དགོ་ནི་མས་ཟེར་ཨིན་པས།
ལྟེ་བ་གིས་ ལོ་བསྟར་བཞིན་དུ་ སྦྲང་རྩི་ཀེ་ཇི་༡༣,༠༠༠ ལྷགཔ་རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ སྦྲང་རྩི་ཚུ་གིས་ ཚ་རིམས་ནད་དང་ ནད་གཞི་གཞན་ ལེ་ཤ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
གལ་སྲིད་ མ་དངུལ་གྱི་ རྒྱབ་སྐྱོར་འཐོབ་པ་ཅིན་ ཤུལ་མའི་ལོ་ནང་ལས་ ཧཱ་རྫོང་ཁག་ནང་ཡང་ གསོ་སྐྱོང་འགོ་བཙུག་ནི་གི་ འཆར་གཞི་ཡོད་ཟེར་ ཁྲི་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment