གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཕམ་ཕྱེ་མ་ཚུགས་པའི་ མདའ་རྩེད་མཐའ་བཅད་འགྲན་བསྡུར་ ད་རིས་འཕྲོ་མཐུད་རྩེ་ནི།

དངུལ་རྩིས་ལྷན་ཁག་གི་ མདའ་རྩེདཔ་གིས་ མདའ་རྐྱབ་པའི་བསྒང་།
སྤྱི་ཟླ་༥ པའི་ཚེས་༣། ༉ སྤྱི་ཟླ་༤ པའི་ཚེས་༧ ལས་ འགོ་བཙུགས་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ རང་ལུགས་སྤག་ཤིང་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་མི་དེ་ ཁ་ཙ་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ དངུལ་རྩིས་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།

མཐའ་བཅད་འགྲན་བསྡུར་ འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་༡༡ གི་ནང་འཁོད་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༢༠ ཐོབ་པའི་སྐབས་ལུ་ གཞན་མི་སྡེ་ཚན་གྱིས་ སྐུགས་གཅིག་ཡང་འཐོབ་མ་ཚུགསཔ་ལས་ ལྟདམོ་བལྟ་མི་ཚུ་གིས་ མནོ་དོན་ལྟར་ དོ་འགྲན་འབད་མ་ཚུགས་མི་ལུ་ སྤྲོ་བ་ཞན་ཡོདཔ་ཨིན་པས།
འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ སྐུགས་ཐེངས་དང་པམ་དེ་ ཆོད་ནི་གུ་ལྷོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་སྦོམ་འབད་དེ་ སྐུགས་ཆོད་མ་བཅུག་པར་ རྩེད་འགྲན་འབདཝ་ལས་ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ སྐུགས་ཆོད་པའི་སྐབས་སུ་ དངུལ་རྩིས་ལྷན་ཁག་སྡེ་ཚན་གྱིས་ སྐུགས་༤ ཐོབ་ནུག།
ཉིན་མའི་ལྟོ་བཟའ་ཞིནམ་ལས་ དངུལ་རྩིས་ལྷན་ཁག་གི་ མདའ་རྩེདཔ་ཚུ་གིས་ གཞན་དང་མ་འདྲ་བའི་སྤྲོ་བ་བསྐྱེད་དེ་ རྩེད་འགྲན་འབདཝ་ལས་ ཕྱི་རུའི་ཆུ་ཚོད་༥ ཚང་སྟེ་ མདའ་མཇུག་བསྡུཝ་བའི་སྐབས་སུ་ སྐུགས་༢༣ ཐོབ་པའི་ཁར་ གཞན་མི་སྡེ་ཚན་གྱིས་ སྐུགས་༥ ལས་ ཐོབ་མ་ཚུགསཔ་ཨིན་པས།
ཁ་ཙ་སྡེ་ཚན་གཉིས་ཀྱི་བར་ནང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ འཕྲོ་མཐུད་ད་རིས་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment