གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་མི་དོགས་ཅན་གཉིས་ འཛིན་བཟུང་འབད་ཡོདཔ།


ཟླ་༣ པའི་ཚེས་༢༦།

༡༦/༥/༢༠༡༢

ཨར་རྐུན་འབད་མི་ཚུ་ལས་ ལོག་ཐོབ་མི་ ཅ་ཆས་ཚུ།
༉ སྤྱི་ཟླ་༥ པའི་ཚེས་༡༣ གྱི་དྲོ་པ་ཆུ་ཚོད་༢:༣༠ དེ་ཅིག་ཁར་ ཐིམ་ཕུ་ཨོ་ལ་ཁ་ དམ་ཅན་ཨིམ་པེག་ནང་ལས་ ཕོ་སྐྱེས་གཉིས་ཀྱིས་ ཚོང་ཁང་གི་ སྒོ་སྒྲིག་བཅག་དཀྲུམས་འབད་ཐོག་ལས་ ལེ་ནོ་བོ་ ལེབ་ཊོབ་ ༥ དང་ ཨེལ་ཇི་ འགྲུལ་འཕྲིན་མོ་བཱལ་༩ ཨརཝ་རྐུ་མི་གཉིསཔོ་དེ་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་འཛིན་བཟུང་འབད་ཡོདཔ་ཨིན་པས།


དོགས་ཅན་གཉིསཔོ་དེ་ ཅིག་སྐྱེས་ལོ་༡༧ ལང་མི་ སློབ་རིམ་༡༢ པའི་སློབ་ཕྲུག་ཨིནམ་ད་ ཅིག་སྐྱེས་ལོ་༢༤ འབད་མི་ རྒྱ་གར་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་འོང་མི་ཨིན་པས།
སྐྱེས་ལོ་༢༤ འབད་མི་དེ་ བྱ་ངན་གྱི་ལཱ་བྱ་འཐབ་པའི་སྐབས་ལུ་ ལགཔ་བཏོག་ཡོདཔ་ལས་ ད་ལྟོ་སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ཨིན་རུང་ གཞན་མི་ཆ་རོགས་དེ་ ཨོ་ལ་ཁ་ལས་ ཨརཝ་རྐུ་མིའི་ ཅ་ཆས་ཚུ་དང་གཅིག་ཁར་ ཁོ་ར་སྡོད་སའི་ཁྱིམ་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གཉིས་ཀྱིས་ བྱ་ངན་དེ་ སྒོ་སྒྲིག་གི་ ལྕགས་ཚུ་ གཅུས་གཟེར་སྒྱིར་ཆས་ ལག་ལེན་འཐབ་ཐོག་ལས་བཏོན་ཡོདཔ་མ་ཚད་ སྐྱེས་ལོ་༢༤ འབད་མི་གིས་ སྒོ་སྒྲིག་གི་ཤེལ་གུར་ མཛོག་བླུགས་ནུག་ཟེར་ཨིན་པས།
དེ་ཚེ་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ཁར་ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ཅིག་གིས་ བུཚ་ཅིག་ ལགཔ་བཏོག་སྟེ་ སྨན་ཁང་ནང་ སྨན་བཅོས་འབད་བར་ལྷོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ བརྒྱུད་འཕྲིན་ལྷོད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ དེ་འཕྲོ་ལས་ སྨན་ཁང་ནང་ ཞིབ་དཔྱད་འབད་བར་སོང་ཡི་ཟེར་ཨིན་པས།
དྲོ་པའི་ཆུ་ཚོད་༧:༤༠ ལུ་ ཨར་རྐུན་ཤོར་མི་ ཇོ་བདག་གིས་ ཁོ་རའི་ ཚོང་ཁང་གི་ སྒོ་སྒྲིག་ཤེལ་དཀྲུམ་ཐོག་ལས་ ཅ་ཆས་ཚུ་ཨརཝ་ཤོར་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ སྙན་ཞུ་འབད་དེས་ཟེར་ཨིན་པས།
ཚོང་ཁང་ ཇོ་བདག་གིས་ ཨརཝ་ཤོར་བའི་སྐོར་ལས་ སྙན་ཞུ་འབད་མི་དང་ དོགས་ཅན་ལགཔ་བཏོག་མི་གཉིས་རྟགས་མཐུན་ཡི་ཟེར་ཨིནམ་ད་ བྱ་ངན་འབད་སའི་ས་ཁོངས་ནང་ ལགཔ་བཏོག་མི་ལུ་བརྟེན་ ཁྲག་ཚུ་འདུག་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
དོགས་ཅན་ སྐྱེས་ལོ་༡༧ འབད་མི་དེ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་བཙུགས་ཡོད་རུང་ གཞན་མི་ དོགས་པ་ཅནཆ་རོགས་དེ་ སྨན་ཁང་ནང་ ད་ལྟོ་སྨན་བཅོས་འབད་དོ་ཡོདཔ་ལས་ ཁོ་དྲག་ཞིནམ་ལས་ དོ་དམ་འོག་ལུ་བཙུག་ནི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲིས་དཔྱད་འབདཝ་ད་ ཁོང་གཉིས་ཆ་ར་གིས་ བྱ་ངན་འབད་ཡོད་པའི་སྐོར་ལས་ ཉེས་ཁ་བཟེད་མ་བཏུབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment