གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་གནོད་སྐྱོན་རྐྱབ་མི་ལུ་ སོན་རིགས་བཀྲམ་སྤེལ་འབད་ནི།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

༉ སྤྱི་ཟླ་༥ པའི་ཚེས་༥ ལས་༧ ཚུན་ཉིནམ་གཉིས་ཀྱི་རིང་ བུམ་ཐང་ལུ་བ་མོ་རྐྱབ་མི་གིས་ སྟང་དང་ ཆུ་སྨད་རྒེད་འོག་གཉིས་ནང་ ཀེ་བ་དང་ བྱཱོ་ཞིང་ ཨེ་ཀར་༣༢༨ ལྷགཔ་ཅིག་གི་ལོ་ཐོག་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ཁྱིམ་གུང་༢༡༥ ལུ་ གནོད་སྐྱོན་རྐྱབ་ནུག།


རྫོང་ཁག་སོ་ནམ་ལས་ཁུངས་ཀྱིས་ ཞིབ་དཔྱད་འབད་མིའི་ སྙན་ཞུ་དང་འཁྲིལཝ་ད་ལུ་ སྟང་ལུ་ ཁྱིམ་གུང་༡༧༢ ཀྱི་ ཀེ་བ་ཨེ་ཀར་༢༠༡ དང་ ཆུ་སྨད་ལུ་ ཁྱིམ་གུང་༤༨ ཀྱི་ ས་ཆ་ཨེ་ཀར་༣༨ དེ་ཅིག་ མེདཔ་བཏང་བའི་ཁར་ སྟང་གི་ ཁྱིམ་གུང་ཅིག་གི་ བྱཱོ་ཞིང་ཨེ་ཀར་༡ ལྷགཔ་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ སྟང་ལུ་ ཁྱིམ་གུང་༩༤ གྱི་ བྱཱོ་ཞིང་ ཨེ་ཀར་༨༧ དེ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ བུམ་ཐང་ལུང་གཤོང་ནང་ ལོ་ཐོག་ལེ་ཤ་འཛུགས་སྐྱོང་འབད་མི་གི་གྲས་ལས་ དངུལ་ཐོག་གཙོ་བོ་ ཀེ་བ་ཨིན་མི་ལུ་ ཐོ་སྦོམ་སྦེ་ར་ཕོག་ནུག་ཟེར་ཨིནམ་ད་ ཀེ་བའི་འདབ་མ་ཚུ་ བ་མོ་གིས་བཤུར་བཏང་ཡོདཔ་ལས་ དེ་ཚུ་ཡར་སྐྱེད་བཏགས་ཚུགས་པ་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།
བ་མོ་གིས་ ལོ་ཐོག་གཞན་ ཚོད་བསྲེ་གི་རིགས་ ཀོ་པི་དང་ ཨེ་མ་ དེ་ལས་ སྲནམ་ཅུམ་གྱི་རིགས་ཚུ་ལུ་ གནོདཔ་བཀལ་ཡོད་རུང་ ཀེ་བ་ཚུ་ ལོག་བཙུག་ནི་གི་ དུས་ཚོད་འབྱིད་སོཔ་ལས་ ཚོད་བསྲེ་གཞན་གྱི་སོན་རིགས་ཚུ་ བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ དགེ་སློང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀེ་བ་མང་ཤོས་ཅིག་ལུ་ ཤུགས་ཆེ་སུ་སྦེ་ བཤུར་བཏང་ཡོདཔ་ལས་ ཐོན་ཤུགས་མི་འོང་ནི་ཨིནམ་ལས་ སྐྱིད་སྡུག་ཕོག་མི་ མི་སེར་ཚུ་ལུ་ ཚོད་བསྲེ་རིགས་བདུན་དེ་ཅིག་ བཀྲམ་སྤེལ་འབད་ནི་གི་དོན་ལུ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།
སོ་ནམ་རྒྱ་བསྐྱེད་ལྟེ་བའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེདཔ་བཏང་ཡོད་པའི་སྙན་ཞུ་ཚུ་ ཡིག་ཚང་ལྟེ་བའི་ནང་ ཕུལ་ཡོད་རུང་ རྒུད་འཐུས་ཐོབ་མི་ཐོབ་ཀྱི་སྐོར་ལས་ ད་ལྟོ་ མི་ཤེས་པས་ཟེར་ཨིན་པས།
རྒེད་འོག་གཉིས་ཀྱི་ མི་སེར་ཚུ་ གཞུང་གིས་ སོན་རིགས་ཚུ་ བཀྲམ་སྤེལ་འབད་ནི་ཨིན་མི་དེ་ བཙུག་ནི་ཨིན་ན་དང་ ཧེ་མ་ལས་ བཙུགས་མི་ ཀེ་བ་ཚུ་ བདག་འཛིན་འབད་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་ཡོདཔ་ཨིན་རུང་ ཚོད་བསྲེ་བཙུག་ནི་གི་དུས་ཚོད་ཚུ་ ད་ལྟོ་མ་ཕྱི་པས་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment