གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ ཆུའི་སྐྱེ་ལྡན་དང་འབྲེལ་བའི་ཞིབ་འཚོལ་ལུ་ འབད་བརྩོན་བསྐྱེད་དགོཔ།


ཟླ་༣ པའི་ཚེས་༢༥།

༡༥/༥/༢༠༡༢།

འབྲུག་གིས་ ཆུའི་སྲོག་ཆགས་དང་འབྲེལ་བའི་ ཞིབ་འཚོལ་ལུ་བརྩོན་ཤུགས་བསྐྱེད་པ་ཅིན་ ཆུའི་སྲོག་ཆགས་མ་འདྲཝ་ ལེ་ཤ་ཅིག་ར་ཐོ་བཀོད་དང་ ངོས་འཛིན་བྱུང་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།

༉ ཆུ་དང་ ཆུའི་སྲོག་ཆགས་མཁས་མཆོག་ཚུ་གིས་འབད་བ་ཅིན་ འབྲུག་གི་གཙང་ཆུའི་ནང་ སྐྱེ་ལྡན་རིགས་སྣའི་ སྲོག་ཆགས་མ་འདྲཝ་ཡོད་པའི་ ཤེས་རྟོགས་མེད་རུང་ ཞིབ་འཚོལ་དང་ དབྱེ་ཞིབ་འབད་བ་ཅིན་ སྐྱེ་ལྡན་རིགས་སྣ་མ་འདྲཝ་ཚུ་གི་ ཐོ་བཀོད་འབད་ནིའི་ འོས་འབྱོར་འདུག་ཟེར་ཨིན་པས།


འབྲུག་རྒྱལ་ཁབ་ནང་ ད་ཚུན་ སྲོག་ཆགས་དེ་ཚུའི་ངོས་འཛིན་དང་འབྲེལ་བའི་ ཞིབ་འཚོལ་འབད་འབདཝ་མེདཔ་ལས་ གལ་སྲིད་ ཆུའི་སྲོག་ཆགས་དང་འབྲེལ་བའི་ ཞིབ་འཚོལ་འབད་བ་ཅིན་ སྲོག་ཆགས་ལེ་ཤ་ཅིག་ར་ ངོས་འཛིན་བྱུང་ཚུགས་ནི་ཨིན་མས་ཟེར་ཨིན་པས།
འཛམ་གླིང་ནང་ ངོས་འཛིན་མེད་པར་ལུས་མི་གཙང་ཆུའི་ སྲོག་ཆགས་ཚུ་ འབྲུག་ལུ་ཡོད་པ་ཅིན་ ཞིབ་འཚོལ་མ་འབད་བར་ ཡུན་གྱངས་སྦེ་ལུས་པའི་བསྒང་ལས་ སྲོག་ཆགས་དེ་ལུ་ ཉམས་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ ཆུའི་སྐྱེ་ལྡན་དང་འབྲེལ་བའི་ཞིབ་འཚོལ་ལུ་ གཙོ་རིམ་བཟུང་དགོཔ་གལ་ཆེ་ཟེར་བཤདཔ་ཨིན་པས།
བུམ་ཐང་ ཨོ་རྒྱན་དབང་ཕྱུང་ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ ཆུའི་སླར་འབྱུང་ཐོན་སྐྱེད་ལས་ཁུངས་ཀྱི་ ཞིབ་འཚོལ་འགོ་དཔོན་ ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ གངས་ལྗོངས་ཅན་གྱི་ནེ་པཱལ་རྒྱལ་ཁབ་ནང་ ད་ཚུན་ གཙང་ཆུའི་སྲོག་ཆགས་མ་འདྲཝ་༢༠༠ ལྷགཔ་ཅིག་ ཐོ་བཀོད་འབད་དེ་ཡོདཔ་ལས་ འབྲུག་ལུ་ཡང་ འདི་དང་ཆ་མཚུངས་ཡོད་ནི་ཨིནམ་ལས་ ཉའི་རིགས་དག་པ་ཅིག་གི་ ཐོ་བཀོད་འབད་དགོཔ་ཡོད་ན་མ་གཏོགས་ ཞིབ་འཚོལ་ལོགས་སུ་འབད་དགོཔ་མིན་འདུག་ཟེར་ཨིན་པས།
རང་བཞིན་དང་འབྲེལ་བའི་ ལས་སྡེ་ཁག་ཚུ་གིས་ ཉའི་ཞིབ་འཚོལ་དུམ་གྲ་རེ་འབད་བའི་ཁར་ ཆུའི་སྤུས་ཚད་དང་ འབྲེལ་བའི་ཞིབ་འཚོལ་ཚུ་ཡང་ རེ་གཉིས་འབད་ཡོདཔ་ད་ སློབ་སྦྱོང་ལྟེ་བའི་ ཆུའི་སླར་བྱུང་ཐོན་སྐྱེད་ལས་ཁུངས་ཀྱིས་ གཙང་ཆུའི་སྐྱེས་ལྡན་རིགས་སྣའི་ཞིབ་འཚོལ་ཚུ་འགོ་བཙུག་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཆུའི་སྲོག་ཆགས་ཀྱི་གྲས་ཁར་ འབུ་སྲིན་ཕྲ་བའི་རིགས་ལེ་ཤ་འོང་དོ་ཡོདཔ་ལས་ དེ་ཚུ་ཞིབ་འཚོལ་འབད་དོན་ལུ་ འཕྲུལ་རིགས་ཀྱི་ ཅ་ཆས་སྣ་ཚོགས་དང་ མ་དངུལ་གྱི་དཀའ་ངལ་ དེ་ལས་ མི་སྟོབས་ཀྱི་ལྕོགས་གྲུབ་མེད་ནི་དེ་གིས་ ཆུའི་སྐྱེ་ལྡན་ཞིབ་འཚོལ་གྱི་དོན་ལུ་ འབད་བརྩོན་བསྐྱེད་མ་ཚུགས་པར་ལུས་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ སློབ་སྦྱོང་ལྟེ་བའི་ ཆུའི་སླར་བྱུང་ཐོན་སྐྱེད་ལས་ཁུངས་ནང་ ལས་བྱེདཔ་ཞིབ་འཚོལ་འགོ་དཔོན་ ཁོ་ར་རྐྱངམ་གཅིག་ཨིནམ་ལས་ ལས་དོན་དེ་དང་འབྲེལ་བའི་ ལཱ་ཚུ་འགོ་འདྲེན་འཐབ་ནི་ལུ་ མི་སྟོབས་ལངམ་མེད་པའི་དཀའ་ངལ་ཚུ་ཡོད་ཟེར་ ནོར་བུ་དབང་འདུས་ཀྱིས་བཤདཔ་ཨིན་པས།
འཛམ་གླིང་ནང་ ཆུའི་སྲོག་ཆགས་ སྒལ་ཚིག་ཅན་༤༠,༠༠༠ དེ་ཅིག་ངོས་འཛིན་འབད་བའི་གྲས་ལས་༢༢,༠༠༠ ཉའི་རིགས་ཚུ་ཨིནམ་ད་ འབྲུག་ལུ་ ཉ་རིགས་མ་འདྲཝ་༤༠ ལྷགཔ་ཅིག་མ་གཏོགས་ ངོས་འཛིན་གྱི་ ཐོ་བཀོད་མེདཔ་ཨིན་པས།
རྒྱ་གར་གྱི་ ཀོལ་ཀ་ཏ་གཙུག་ལག་སློབ་སྡེའི་ སྲོག་ཆགས་རིག་པའི་སྡེ་ཚན་གྱི་ ཞིབ་འཚོལ་གཙོ་འཛིན་ཅིག་ཨིན་མི་ ཨཏ་རི་ཡི་ ཅའུ་དུ་རི་གིས་འབད་བ་ཅིན་ འཛིན་གླིང་ནང་ ད་རུང་ ཆུའི་སྲོག་ཆགས་༥༠༠༠ དེ་ཅིག་ ངོས་འཛིན་འབད་དགོཔ་འདུག་ཟེར་བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment