གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞབས་དྲུང་འཇིགས་མེད་གྲགས་པའི་ཚེམས་ མཇལ་ཁ་གནང་ཡོདཔ།

༢/༥/༢༠༡༢

༉ ཁ་ཙ་ རྩི་རང་ལུ་ འགྲམ་ཕུག་སྨོན་ལམ་ཚོགས་ཁང་ནང་སྦེ་ ཞབས་དྲུང་སྐུ་མཆོད་གནངམ་དང་འབྲེལ་ འགོ་དང་པ་ མི་མང་ལུ་ ཞབས་དྲུང་འཇིགས་མེད་གྲགས་པའི་ཚེམས་ མཇལ་ཁ་གནང་ཡོདཔ་ཨིན་པས།


ཞབས་དྲུང་འཇིགས་མེད་གྲགས་པའི་ཚེམས་དེ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ འགྲམ་ཕུག་ལུ་སྡོད་མི་ སྐྱེས་ལོ་༦༨ ལང་མི་ ཉིམ་རྡོ་རྗེ་གིས་ རྩི་རང་གྲྭ་ཚང་ལུ་ ཕུལ་ཡོདཔ་ཨིན་པས།
སྤ་རོ་ལས་ཨིན་མི་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ཚེམས་དེ་ ལོ་ངོ་༡༦༠ ལྷགཔ་ཅིག་གི་རིང་ ཁོ་རའི་ ཨ་རྒས་ཀྱི་ཨ་པ་ སྦྱེ་ནགཔ་བཀྲིས་ཀྱིས་ སྦྱེ་ནགཔ་དབང་ཕྱུག་ལུ་དང་ ཁོ་གིས་ སྦྱེ་ནགཔ་ཀ་ཊ་ལུ་སྤྲོད་དེ་ བདག་འཛིན་འཐབ་བཞག་ནུག་ཟེར་ཨིན་པས།
རྩི་རང་གྲྭ་ཚང་གི་ དྲུང་ཆེན་གྱིས་ སླབ་མིའི་ནང་ ཉིམ་རྡོ་རྗེ་གི་ ཨ་རྒས་ཀྱི་ཨ་པ་ སྦྱེ་ནགཔ་བཀྲིས་དེ་ ཞབས་དྲུང་འཇིགས་མེད་གྲགས་པའི་སྒོ་ཁར་ ཕྱག་ཞུ་སྡོད་པའི་སྐབས་ ཞབས་དྲུང་གིས་ གནང་གནངམ་ཨིན་མས་ཟེར་ཨིན་པས།
ཚེམས་དེ་ ཞབས་དྲུང་ཁོ་ར་ དྲོ་པའི་གསོལཝ་བཞེསཔ་ད་ བཅག་དཔ་ལས་ སྦྱེ་ནགཔ་བཀྲིས་ལུ་ བདག་འཛིན་འཐབ་བཞག་ཟེར་ གནང་ཡོདཔ་ཨིན་པས།
ད་ལས་ཕར་ ཞབས་དྲུང་འཇིགས་མེད་གྲགས་པའི་ཚེམས་དེ་ ལོ་བསྟར་བཞིན་དུ་ ཞབས་དྲུང་སྐུ་མཆོད་ཀྱི་ཉིནམ་དང་འབྲེལ་ཏེ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment