གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏའི་ཝཱན་གྱི་ བཟའ་ཚང་ལས་ ངོས་ལེན་མེདཔ།

༩/༥/༢༠༡༢

གཡོག་ལཱ་འབད་མི་ལུ་རྩུབ་སྤྱོད།


མཁན་པོ་གིས་འབད་བ་ཅིན་ ལཱ་གཡོག་གི་ ཆ་རོགས་འབདཝ་མ་གཏོགས་ དཀའཝ་སྤྱད་བཅུག་ནིའི་དོན་ལུ་ བཏང་བཏངམ་མེད་ཟེར་ཨིན་པས།

༉ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ འབྲུག་མི་ཨམ་སྲུ་སྐྱེས་ལོ་༢༥ ལང་མི་ལུ་ བརྡུང་རྫོབ་འབད་བའི་སྐོར་ མོ་གིས་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ སྙན་ཞུ་འབད་དེ་ ཁ་ཙ་ལས་ ཟླཝ་༡ ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ་ཨིན་པས།


གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ བཟའ་ཚང་གི་ ཁ་ཐུག་ལས་ ཉམས་རྒུདཔ་ཨམ་སྲུ་དེ་ལུ་ ནང་སྐྱོད་ཆོག་ཐམ་གྱི་ དུས་རྫོགས་ཉེས་ཆད་ ཐའི་གི་ཏི་རུ་ བཱཐ་༢༠,༠༠༠ (ཡུ་ཨེསི་ཌོ་ལར་༧༠༠ དེ་ཅིག)དང་ འབྲུག་ལུ་འོང་ནི་གི་ གནམ་གྲུའི་གླ་ཆ་སྤྲོད་དགོ་པའི་ ཞག་དུས་དེ་ སྤྱི་ཟླ་༥ པའི་ཚེས་༤ ལུ་ བྱིན་ཡོད་རུང་ ཁ་ཙ་ཚུན་ཚོད་ ག་ཡང་འོང་མ་བཏུབ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པར་ ཆ་རོགས་ཅིག་གི་ཁྱིམ་ནང་ བྱོག་སོང་སྟེ་ དེ་གི་ནངས་པར་ གཞུང་ཚབ་ལས་ཁང་ནང་སོང་སྟེ་ མོ་གི་སྦྱིན་བདག་ ཏའི་ཝཱན་གྱི་ བཟའ་ཚང་གཉིས་ཆ་ར་གིས་ ཐབ་ཚང་ལེགས་ཤོམ་སྦེ་ མ་འཕྱག་པས་ཟེར་ ཉོགས་བརྡུང་སྟེ་ མོ་ལུ་ བརྡུང་རྫོབ་འབད་ཡི་ཟེར་ སྙན་ཞུ་འབད་ཡོདཔ་མ་ཚད་ འདས་པའི་ཟླ་ངོ་༡༨ ཀྱི་རིང་ལུ་ སྦྱིན་བདག་དེ་གིས་ ལན་ཐེངས་ལེ་ཤ་དྲངས་པའི་ཁར་ ཟླཝ་ཕྱེད་དང་༡༡ གི་ དངུལ་ཕོགས་ཡང་ སྤྲོད་མ་བཏུབ་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ནང་ ཨམ་སྲུ་དེ་ བཟའ་ཚང་དེ་གི་དོན་ལུ་ ལཱ་འབད་བར་བཏང་མི་ མཁན་པོ་བསོད་ནམས་ཀྱིས་ སླབ་མིའི་ནང་ གཞུང་ཚབ་ལས་ཁང་གིས་ ཨུ་ཚུགས་བསྐྱེད་དོ་བཟུམ་ ཁོ་གི་ཁ་ཐུག་ལས་ཡང་ ཏའི་ཝཱན་གྱི་ བཟའ་ཚང་གིས་ ཉམས་རྒུད་པ་ལུ་ ནང་སྐྱོད་ཆོག་ཐམ་གྱི་ ཉེས་ཆད་དང་ གནམ་གྲུའི་གླ་ཆ་སྤྲོད་དགོཔ་སྦེ་ སླབ་སླབ་ས་ར་ཡོདཔ་མ་ཚད་ མོ་ལུ་ ཏི་རུ་སྤྲོད་དེ་ གང་མགྱོགས་སྦེ་ མཇུག་བསྡུ་གནང་ཟེར་ གློག་འཕྲིན་ཐོག་ལས་ བྲིས་བསྐྱལ་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཉམས་རྒུད་པ་གིས་ བྱ་སྟབས་མ་བདེཝ་དུམ་གྲ་ཅིག་ཐོནམ་ད་ མཁན་པོ་དང་ ཡང་ཅིན་ སྦྱིན་བདག་ལུ་ མ་སླབ་པར་ ཐད་ཀར་དུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་སོང་སྟེ་ ཉོགས་བཤད་བཀོད་ནི་དེ་གིས་ བཟའ་ཚང་༢ ལུ་ སེམས་དང་མ་ལྡན་ནི་དེ་གིས་ གཡོག་ལཱ་འབད་མི་ ཨམ་སྲུ་ལུ་ ཏི་རུ་མི་སྤྲོད་ཟེར་ སླབ་མས་ཟེར་ མཁན་པོ་བསོད་ནམས་ཀྱིས་ སླབ་ཨིན་པས།
ཏའི་ཝཱན་གྱི་ བཟའ་ཚང་གི་ཁྱིམ་ནང་ ལཱ་འབད་མི་ འབྲུག་མི་ཨམ་སྲུ་༣ གྱིས་ མཁན་པོ་ལུ་ ཁ་ཉེས་བཀལ་མི་ལུ་ དོགས་སེལ་འབདཝ་དང་འབྲེལ་ མཁན་པོ་བསོད་ནམས་ཀྱིས་ སླབ་མིའི་ནང་ ཟླཝ་༣ དེ་ཅིག་གི་ཧེ་མར་ ཁོང་གི་སྦྱིན་བདག་གིས་ དྲང་པ་གིས་མ་ཚད་ ལེགས་ཤོམ་མི་འབད་དོ་ཡོད་པའི་སྐོར་ ཁོ་ལུ་ སླབ་དེས་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁོ་གིས་ སྦྱིན་བདག་ལུ་སླབ་ད་ སྟབས་བདེ་ཐབས་ལུ་ ཁོང་ཨམ་སྲུ་༢ ལུ་ ཁོང་གི་དཀའ་ངལ་དང་ རྒྱལ་ཁབ་ནང་ ལོག་འོང་དགོ་པའི་ རྒྱུ་རྐྱེན་ཚུ་ ཡིག་ཐོག་ལུ་བཀོད་དེ་ ཁོ་ལུ་ བསྐྱལ་དགོཔ་སྦེ་ སླབ་ཡོད་རུང་ ཁོང་ག་གིས་ཡང་ ཡི་གུ་བསྐྱལ་མ་བཏུབ་ཟེར་ མཁན་པོ་གིས་ བཤད་ཡོདཔ་ད་ ཨིན་རུང་ ཁོ་གིས་ བཟའ་ཚང་ལུ་སླབ་ད་ ཨམ་སྲུ་ཚུ་གིས་ ལཱ་ལེགས་ཤོམ་སྦེ་ འབད་མ་བཏུབ་པའི་ཁར་ ཅ་ཆས་གོང་ཅན་ལེ་ཤ་ཅིག་ར་ མེདཔ་བཏང་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
ང་གིས་ ཨམ་སྲུ་ག་ཡང་ ངོ་མ་ཤེས་རུང་ ཁོང་གི་བཟའ་ཚང་དང་ ཕམ་ཚུ་གིས་ ནན་བསྐྱར་དུ་ ཆ་རོགས་འབད་གནང་ཟེར་ སླབ་ཡོདཔ་མ་ཚད་ ལཱ་གཡོག་མེད་མི་ འབྲུག་མི་ཚུ་ལུ་ཡང་ ཆ་རོགས་འབད་ཚུགས་ནི་མས་མནོ་སྟེ་ ཁོང་ཆ་ཁྱབ་ བེང་ཀོག་ལུ་ ལཱ་འབད་བར་ བཏང་ཡི་ཟེར་ མཁན་པོ་གིས་ བཤད་ཡོདཔ་ད་ ཁོང་གི་དོན་ལུ་ ཏི་རུ་ལེན་ནི་ཕར་བཞག་ ཁོ་ར་ནང་ལས་ བརྒྱུད་འཕྲིན་ལ་སོགས་པའི་ ཟད་འགྲོ་ལེ་ཤ་བཏང་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་ འབྲུག་ལུ་ འོང་མ་ཚུགས་པར་ བེང་ཀོག་ལུ་ ཐོགས་ལུས་མི་ ཨམ་སྲུ་དེ་ལུ་ ནང་སྐྱོད་ཆོག་ཐམ་གྱི་ ཉེས་ཆད་དང་ གནམ་གྲུའི་གླ་ཆ་ཚུ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ སྤྲོད་མ་བཏུབ་ཅིན་ ཁྲིམས་བཤེར་ཐོག་ འབད་ནི་ཨིན་པའི་སྐོར་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ མཁན་པོ་ལུ་ སླབ་ཡོདཔ་ད་ གལ་སྲིད་ སྦྱིན་བདག་གིས་ ཏི་རུ་བྱིན་མ་བཏུབ་པ་ཅིན་ ཨམ་སྲུ་ལཱ་འབད་བར་བཏང་པའི་ འགན་འཁྲི་དེ་ ཁོ་ལུ་ ཕོག་ནི་དེ་གིས་ ཉེས་ཆད་དང་ གནམ་གྲུའི་གླ་ཆ་༢ ཆ་ར་ ཁོ་གིས་ སྤྲོད་དགོཔ་འོང་ཟེར་ མཁན་པོ་བསོད་ནམས་ཀྱིས་ སླབ་ཨིན་པས།
བྱུང་རྐྱེན་གྱི་ཤུལ་ལས་ བཟའ་ཚང་དེ་གི་དོན་ལུ་ ལཱ་འབད་མི་ འབྲུག་པའི་ཨམ་སྲུ་༢ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ཟླཝ་༨ པའི་ཚེས་༡༣ ལུ་ ལཱ་འབད་བར་སོང་མི་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་ལུ་ ནང་སྐྱོད་ཆོག་ཐམ་གྱི་ ཉེས་ཆད་དང་སྦྲགས་ གནམ་གྲུའི་གླ་ཆ་དང་ དངུལ་ཕོགས་ཚུ་སྤྲོད་དེ་ བཏང་ཡོད་རུང་ ཟླཝ་ཧེ་མའི་ནང་ བེང་ཀོག་ལུ་སོང་མི་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་དེ་ ཉིན་གྲངས་༡༧ ལཱ་འབད་མི་དང་ གནམ་གྲུའི་གླ་ཆ་ཚུ་ ག་ནི་ཡང་ མ་སྤྲོད་པར་ ལོག་བཏང་པའི་ཤུལ་ལུ་ ཁྱིམ་ནང་ལྷོདཔ་ད་ གནམ་གྲུའི་ཤོག་འཛིན་དང་ ཏའི་ཝཱན་བཟའ་ཚང་གི་དོན་ལུ་ ཉིན་གྲངས་༡༧ ལཱ་འབད་བའི་ གླ་ཆ་ཚུ་རྩིས་རྐྱབ་སྟེ་ མཁན་པོ་བསོད་ནམས་ཀྱིས་ སྤྲོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment