གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་ལོ་༡༤ ཕོག་མི་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་མེདཔ།

ཟླ་༥ པའི་ཚེས་༡

༉ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ནང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ དངུལ་གཉེར་བགྲེསཔ་ དཀོན་མཆོག་རྣམ་རྒྱལ་གྱི་ རྩོད་བཤེར་དེ་ དུས་ཡུན་ཟླ་ངོ་༡༦ གི་རིང་ འབད་བའི་ཤུལ་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པའི་ བཤེར་ཡིག་དེ་ ཆ་མེད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ འཁྲུན་ཆོད་གནང་ཡི།


དེ་ཡང་ དཀོན་མཆོག་རྣམ་རྒྱལ་དེ་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ དངུལ་གཉེར་སྦེ་ ལཱ་འབད་བའི་སྐབས་ ཡིག་ཆ་རྫུསg་བཟོ་ཐོག་ མ་དངུལ་ལོག་སྤྱོད་དང་ ཉེས་ལས་ཀྱི་ གྱོས་ངན་བརྩམས་མི་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་ངོ་༡༤ བཀལ་ཡོདཔ་མ་ཚད་ ཚུལ་མིན་ཐོག་ སྒེར་སྤྱོད་འབད་བའི་མ་དངུལ་ས་ཡ་༨.༢༩༡ ཉེན་བཅོལ་ལས་འཛིན་ལུ་ ལོག་བཙུག་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ཁོ་དང་ ཆ་རོགས་གཞན་གསུམ་བསྡོམས་ཏེ་ ལས་འཛིན་གྱི་ མ་དངུལ་ཚུ་ དངུལ་ཁང་ནང་ མ་བཙུགས་པར་ དངུལ་ཀྲམ་བསྡོམས་ས་ཡ་༡༡.༢༦༣ ལྷགཔ་ཅིག་ ཚུལ་མིན་གྱི་སྒོ་ལས་ སྒེར་སྤྱོད་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ རྩོད་ཟླ་དཀོན་མཆོག་རྣམ་རྒྱལ་གྱིས་ མ་དངུལ་ཚུ་ ཁོང་ཆ་རོགས་༤ མཉམ་རུབ་ཐོག་ལས་ ལོག་སྤྱོད་འབད་ཡོད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ དངུལ་ཀྲམ་ས་ཡ་༨.༢༩༡ ཁོ་གུ་ བཀལ་དཔ་ལས་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ མཐོ་གཏུགས་འབདཝ་ཨིན་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་དངུལ་ཚུ་ ཁོང་༤ འདྲན་འདྲ་བགོ་བཤའ་རྐྱབ་སྟེ་ ལོག་སྤྱོད་འབད་ཡོདཔ་ལས་ འདྲ་མཉམ་ཕོག་དགོཔ་ཨིན་རུང་ ཆད་དངུལ་ཡོངས་བསྡོམས་ག་ར་ ཁོ་གུ་བཀལ་ནི་དེ་གིས་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
ཆ་རོགས་གཞན་༣ པོ་དེ་ ཧེ་མ་ལས་ དགོངས་ཞུ་འབད་དེ་སོང་མི་ ཉེན་བཅོལ་ལས་འཛིན་གྱི་ དངུལ་གཉེར་བགྲེསཔ་ ཚེ་རིང་དབང་འདུས་དང་ ཚེ་འདས་ཀརྨ་དོན་གྲུབ་ འབྲུག་གི་དངུལ་ཁང་གི་ གློག་རིག་ཀམ་པུས་ཊར་གྱི་ ལས་རིམ་བཟོ་མི་ ཀརྨ་འབྲུག་པ་ཨིན་པས།
དཀོན་མཆོག་རྣམ་རྒྱལ་གྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཁོ་ར་ དངུལ་གཉེར་གྱི་ གོ་གནས་ལུ་ མ་ལྷོད་པའི་ སྔ་གོང་ལས་ ཁོང་༣ གྱིས་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ རྩིས་ཨང་ལས་ ཏི་རུ་བཏོན་ཏེ་ ཚུལ་མིན་སྤྱོད་དེ་ སྡོད་ནུག་ཟེར་ཨིནམ་ད་ ཁོ་གིས་ དངུལ་གཉེར་གྱི་ འགན་ཁུར་ལེན་པའི་རྗེས་སུ་ ཁོང་༤ བསྡོམས་ཏེ་ ཚུལ་མིན་ཐོག་ མ་དངུལ་སྒེར་སྤྱོད་འབད་ཡོདཔ་ལས་ ཁོ་ལུ་ དངུལ་བསྡོམས་དེ་ཅིག་ མི་ཕོག་ཟེར་ ཞུ་ཡོད་རུང་ ཁོ་རའི་ཧོངས་ལས་ ཁྲིམས་ཀྱི་རེ་སྐོང་ཡོངས་སུ་རྫོགས་པའི་ སྒྲུབ་བྱེད་ཚུ་ ཁྲིམས་འདུན་ལུ་ཕུལ་ཏེ་ ར་ཁུངས་བཀལ་ནི་མེདཔ་ལས་ ཐོག་མའི་ཁྲིམས་འདུན་ལས་གནང་བའི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ བསྟར་སྤྱོད་འབད་དགོཔ་སྦེ་ འཁྲུན་ཆོད་གྲུབ་ཨིན་ཟེར་ ཁ་ཙ་བཏོན་མི་ གྲོས་ཆོད་ནང་བཀོད་ནུག།
དཀོན་མཆོག་རྣམ་རྒྱལ་དང་ ཚེ་རིང་དབང་འདུས་༢ ལུ་ མ་དངུལ་སྒེར་སྤྱོད་དང་ ཡིག་ཆ་རྫུས་བཟོ་ ཉེས་ལས་ཀྱི་ གྱོས་ངན་བརྩམས་པའི་ ཉེས་འཛུགས་འབད་ཡོདཔ་མ་ཚད་ ཀརྨ་འབྲུག་པ་ལུ་ ཡིག་ཆ་རྫུས་བཟོ་དང་ ཉེས་ལས་ལུ་ ཆ་རོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ དངུལ་གཉེར་བགྲེསཔ་ ཀརྨ་དོན་གྲུབ་དེ་ སྤྱི་ལོ་༢༠༠༨ ལུ་ གྱོང་སོཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ཚེ་རིང་དབང་འདུས་ལུ་ བཙོན་ཁྲིམས་ལོ་༡༢ བཀལ་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༠.༩༡༥ ལས་འཛིན་ལུ་ ལོག་བཙུགས་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཀརྨ་འབྲུག་པ་ལུ་ བཙོན་ཁྲིམས་ལོ་༧ དང་ཟླཝ་༦ བཀལ་བའི་ཁར་ དངུལ་ཀྲམ་ས་ཡ་༠.༢༦༠ ལོག་བཙུགས་དགོཔ་ཨིན་པས།
འབྲུག་ཉེན་བཅོལ་ལས་འཛིན་གྱི་ མ་དངུལ་སྒེར་སྤྱོད་འབད་བའི་སྐོར་ སྤྱི་ལོ་༢༠༠༩ ཟླཝ་༧ པའི་ཚེས་༡༥ གི་དྲོ་པ་ དཀོན་མཆོག་རྣམ་རྒྱལ་དེ་ གར་སོང་མེད་པར་ བྱང་པའི་ཤུལ་ལུ་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ཟ་ཁང་ཅིག་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཚུལ་མིན་ལག་ལེན་དེ་ སྤྱི་ལོ་༡༩༩༠ ལས་ར་ འགོ་བཙུགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment