གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་གཉིས་ནང་ སྨན་ཁང་གཅིག་ལས་མེད་མི་ལུ་དཀའ་ངལ།

༨/༥/༢༠༡༢

༉ ཧཱ་རྫོང་ཁག་ནང་ རྒེད་འོག་དྲུག་ཡོད་ས་ལས་ གསང་སྦས་ཁ་དང་ དགའ་སྐྱིད་རྒེད་འོག་ནང་ ཉིན་ལམ་༣ ལས་༥ འི་བར་ན་ རྐང་ཐང་སྦེ་འགྱོ་དགོ་མི་ལུ་བརྟེན་ ཐག་རིང་ཤོས་ཅིག་ཨིན་པས།
མ་གཞི་ རྒེད་འོག་གཉིས་ནང་ སྣུམ་འཁོར་ལམ་བཏོན་ནི་ འགོ་བཙུགས་ཡོད་རུང་ ལཱ་འབད་བའི་འཕྲོ་མཐུད་ལུ་ མ་དངུལ་མ་ལང་མི་དང་ ས་གནས་ཚུ་ནང་ལམ་བསལ་ནི་ལུ་ བྱ་སྟབས་མ་བདེཝ་ཡོད་ལུགས་ལུ་བརྟེན་ མཚམས་འཇོག་འབད་བཞག་ཡོདཔ་ཨིན་པས།




སྤྱིར་བཏང་རྒེད་འོག་ལྟེ་བ་དང་ རང་བཞིན་སླར་འབྱུང་ཡིག་ཚང་ དེ་ལས་ གཞི་རྟེན་སྨན་ཁང་ཚུ་ གསང་སྦས་ཨ་མ་ཟེར་ས་ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
ཤེབ་སྦྱིས་མི་སེར་ཚུ་གིས་ སྨན་ཁང་ནང་ འགྱོ་བའི་སྐབས་སུ་ ཉིན་ལམ་ཕྱེད་ལམ་འགྲུལ་འབད་དགོཔ་ད་ མོ་ཆུ་ལུ་སྡོད་མི་ཚུ་གིས ཉིན་ལམ་༡ འགོརཝ་མ་ཚད་ རང་རྩེ་ནང་ སྡོད་མི་ཚུ་གིས་ ཉིནམ་༡ ལུ་ལྷོད་ཚུགས་པ་ ཧ་ལམ་ལཱ་ཁག་བཏངམ་ཨིན་པས།
གཡུས་སྒོའི་ནང་ གློ་བུར་དུ་ ནདཔ་ན་མི་རེ་ཐོན་པའི་སྐབས་སུ་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁ་ར་ ཤི་རྐྱེན་ཚུ་བྱུང་དོ་ཡོདཔ་ད་ གསང་སྦས་ རྒཔོ་བགྲེསཔ་མགོནམོ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་སྒོ་ལས་ གཞི་རྟེན་སྨན་ཁང་ ཐག་རིང་ནི་དེ་གིས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ ཐོན་བཞིན་དུ་ར་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་ཧིང་གི་ལོ་ལུ་ གཡུས་ཁ་ཨ་རྒས་ཅིག་ ཤུགས་སྦེ་ན་བའི་ཤུལ་ལུ་ གཞི་རྟེན་སྨན་ཁང་ནང་ སྨན་བཅོས་འབད་མ་ཚུགསཔ་ལས་ ཧཱ་སྨན་ཁང་འབྲིང་མ་ནང་ འབག་སོང་བའི་ལམ་བར་ལུ་ ཤི་སོ་ཡི་ཟེར་ཨིན་པས།
གཡུས་སྒོའི་ས་གནས་ནང་ སྨན་ཁང་ཅིག་མེད་ནི་དེ་གིས་ མི་སེར་ཚུ་ལུ་དཀའ་ངལ་ ཐོན་བཞིན་དུ་ར་ཡོད་ཟེར་ཨིནམ་ད་ ད་ལྟོ་ གཞི་རྟེན་སྨན་ཁང་ནང་ དྲུང་འཚོ་༡ ལས་བརྒལ་མེད་མི་དེ་གི་ཡང་ དཀའ་ངལ་གྱི་ལྷན་གྲོགས་ཅིག་ ཨིན་མས་ཟེར་ཨིན་པས།
གལ་སྲིད་གཡུས་སྒོའི་ས་གནས་གཞན་ཅིག་ནང་ ནདཔ་ཚབས་ཆེན་ཡོད་མི་ལུ་བརྟེན་ དྲུང་འཚོ་དེ་ ནདཔ་སྨན་བཅོས་འབད་བར་ཡར་སོང་བའི་བསྒང་ལས་ སྨན་ཁང་ནང་ ནདཔ་བལྟ་མི་སྨན་པ་མིན་འདུག་ཟེར་ཨིན་པས།
ང་བཅས་མཐའ་ཟུར་གྱི་གཡུས་སྒོ་འདི་བཟུམ་ནང་ དྲུང་འཚོ་གཉིས་དེ་ཅིག་ ངེས་པར་དུ་དགོཔ་འདུག་ཟེར་བཤད་མི་དེ་ཡང་ གནམ་འབྱ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ཆུ་སྦྲེགས་པའི་བསྒང་ལས་ ཆུ་རུད་ཐོན་ཏེ་དཀའ་ངལ་ཚུ་ སྦོམ་སྦེ་རང་བྱུངམ་མས་ཟེར་ཨིན་པས།
གསང་སྦས་ལུ་ གཞི་རྟེན་སྨན་ཁང་ཅིག་ཡོད་མི་ དེ་ནང་ལཱ་འབད་མི་ ལས་བྱེདཔ་ཚུ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་སྦེ་ ཞབས་ཏོག་གང་དྲག་ཞུ་དོ་ཟེར་ རྒཔོ་བགྲེསཔ་དགོནམ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment