གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་སོ་ཁའི་ ཊེ་ནིསི་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ།

༨/༥/༢༠༡༢

ཕོ་སྐྱེས་ཟུང་འགྲན་གྱི་ རྩེད་འགྲན་འབད་བའི་བསྒང་།
༉ དུས་ཅི་ གནམ་སོ་ཁའི་ ཊེ་ནིའ་རྩེད་འགྲན་དེ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་སྦེ་ རེས་གཟའ་ཉི་མ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྩེད་འགྲན་ནང་ ཕོ་ མོ་རྐྱང་འགྲན་དང་ སྐྱེས་ལོ་༡༤ མན་ཆད་འབད་མི་ ན་གཞོན་ཚུ་གི་བར་ན་ རྩེད་འགྲན་ཚུ་འབད་དོ་ཡོདཔ་ཨིན།


རེས་གཟའ་ཟླ་བ་ལུ་ སྐྱེས་ལོ་༡༤ མན་ཆད་འབད་མི་ ན་གཞོན་བུཚ་གི་ རྩེད་འགྲན་ནང་ གྲུབ་ཐོབ་ཀུན་ལེགས་ཨེསི་དང་ ཟླ་བ་དོན་གྲུབ་ཨེསི་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཟླ་བ་དོན་གྲུབ་ཨེསི་གིས་ སྐོར་ཐེངས་༢ སྦྱེལཝ་སྦྱེལ་ས་ར་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ ཁ་ཙ་ ཕོ་སྐྱེས་རྐྱང་འགྲན་ནང་ བཀྲིས་རྡོ་རྗེ་དང་ ཚེ་རིང་དཔལ་སྒྲོན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བཀྲིས་རྡོ་རྗེ་གིས་ རྩེད་ཐེངས་དང་པམ་ནང་སྐུགས་༦-༢ དང་ སྐོར་ཐེངས་གཉིས་པམ་ནང་༧-༥ སྦེ་ བྱང་ཕྱད་དེ་ ཕམ་བཏང་ཡི།
ཉམས་མྱོང་ཅན་ཚུ་གི་གྲས་ལས་ བསོད་ནམས་ཕུན་ཚོགས་དང་ བི་རཱན་ བི་ནུཌ་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་དང་པམ་ནང་ བི་རཱན་བི་ནུཌ་གིས་སྐུགས་༦-༧ སྦེ་ རྒྱལ་ཁ་ཐོབ་ཡོད་རུང་ གཞན་མི་སྐོར་ཐེངས་གཉིས་པམ་ནང་༢-༦ དང་ གསུམ་པམ་ནང་ ༦-༢ སྦེ་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ ཉམས་མྱོང་ཅན་ ཨམ་པྲ་ཊི་ཟི་ཚེ་རིང་དང་ ཚེ་དབང་རྡོ་རྗེ་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཨམ་པྲ་ཊི་ཟི་ཚེ་རིང་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཕོ་སྐྱེས་ཟུང་འགྲན་ནང་ ཨྱོན་དབང་འདུས་དང་ཆ་རོགས་གཉིས་དང་ བྱང་ཕྱད་ ཀརྨ་རྡོ་རྗེ་དང་ ཀུན་ལེགས་དབང་འདུས་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཀརྨ་རྡོ་རྗེ་དང་ ཀུན་ལེགས་དབང་འདུས་གཉིས་ཀྱིས་སྐུགས་༧-༦ དང་༠-༦ དེ་ལས་༧-༥ སྦེ་ རྒྱལ་ཁ་ཐོབ་ཅི།
འབྲུག་ཊེ་ནིས་ཚོགས་སྡེའི་ འགོ་དཔོན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ རྩེད་འགྲན་ འགོ་འདྲེན་འཐབ་དགོ་མི་དེ་ བཅའ་མར་གཏོགས་མི་ཚུ་གི་ གཟུགས་སྟོབས་ སྒྲིང་སྒྲིང་བཞག་ནི་དང་ ན་གཞོན་ཚུ་གིས་ སྒྱུ་རྩལ་གྱི་ རིག་རྩལ་ཡར་དྲག་གཏང་ནི་ཨིནམ་མ་ཚད་ སྨྱོ་རྫས་ལག་ལེན་འཐབ་ནི་ལས་ བཀག་ཐབས་ལུ་ཨིན་ཟེར་ཨིན་པས།
རྩེད་འགྲན་གྱི་མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment