གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཕུན་ཚོགས་གླིང་གི་ཕྱི་ཁར་ འགྲུལ་སྐྱོད་བཀག་དམ།

༨/༥/༢༠༡༢

༉ པི་ཇེ་ཨེ་སི་རི་ཨེམ་ཟེར་མི་ བོ་དོའི་ས་ཁོངས་ རང་དབང་དགོ་ནིའི་དོན་ལུ་ བརྩོན་བསྐུལ་འབད་མི་ ལས་ཚོགས་དེ་གིས་ ཁ་ཙ་དྲོ་པའི་ཆུ་ཚོད་༥ ལས་ ད་རིས་ ཕྱི་རུའི་ཆུ་ཚོད་༥ ཚུན་ དུས་ཡུན་ཆུ་ཚོད་༣༥ གི་རིང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་བརྒྱུད་དེ་ འགྲུལ་སྐྱོད་འབད་ནི་ བཀག་དམ་འབད་མི་དང་བསྟུན་ ད་རེས་ ཕུན་ཚོགས་གླིང་གི་ཕྱི་ཁར་ སྣུམ་འཁོར་ཚུ་ མ་བཏང་པར་ སྒོ་ར་སྒོ་དེ་ བསྡམ་བཞག་ནི་ཨིན་པས།


མ་གཞི་ ནུབ་བེང་གཱལ་གྱི་ གཞུང་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་བཅུགཔ་ཨིན་རུང་ ཁ་ཙ་ལས་ ཨ་སམ་གྱི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཊཱག་དང་ སྣུམ་འཁོར་ཆུང་བ་ དེ་ལས་ འགྲུལ་སྐྱེལ་བཱསི་ཚུ་ སྒོ་ར་སྒོ་ལས་ ལོག་བཏང་ཡོདཔ་ཨིན་པས།
བོ་དོ་ས་ཁོངས་སོ་སོར་དགོ་པའི་ གྲོས་འཆར་བཀོད་མིའི་ནང་སྡོད་མི་ མི་སྡེ་སྣ་ཚོགས་ཀྱི་ ལས་སྡེ་༤༧ གྱི་ འདུས་ཚོགས་ཅིག་ཨིན་མི་ པི་ཇེ་ཨེ་སི་རི་ཨེམ་ལས་ཚོགས་དེ་ དབུས་གཞུང་ལྟེ་བ་གིས་ དུས་ཡུན་ཟླ་ངོ་༣ གྱི་ནང་འཁོད་ལུ་ བོ་དོ་ས་ཁོངས་ཐ་དད་དགོ་པའི་ བློ་འདོད་བཀོད་མི་ལུ་ བསལ་ཐབས་འབད་ནི་གི་ ཁས་ལེན་འབད་ཡོདཔ་ལས་ ལེགས་ཤོམ་འབྱུང་ནི་གི་ རེ་བ་ཡོདཔ་ཨིན་རུང་ ལས་ཚོགས་ཀྱིས་ ཁོང་གི་མཁོ་འདོད་བསྒྲུབ་ནི་ལུ་ ངོས་ལེན་གང་མགྱོགས་འབད་དགོ་པའི་ དྲན་གསལ་བཟུམ་ཅིག་སྦེ་ ཞི་བའི་ཐོག་ལས་ ངོ་རྒོལ་འགྲེམ་སྟོན་འབད་འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

No comments:

Post a Comment