གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་རྫོང་ཁག་ཁྲིམས་འདུན་གྱིས་ ཕོ་སྐྱེས་ཅིག་ལུ་ ཟླཝ་༦ གི་བཙོན་ཁྲིམས་བཀལ་ཡོདཔ།

༉ དར་དཀར་ནང་ རྫོང་ཁག་ནང་ ན་ཧིང་ སྐྱེས་ལོ་༥༣ འབད་མི་ ཕོ་སྐྱེས་ཅིག་གིས་ ལོ་ཐོག་སྲུང་ནིའི་དོན་ལུ་ ས་མདའ་བཀལ་བཞག་པའི་ཤུལ་ལུ་ ཁོ་རའི་བུམོ་དེ་ ས་མདའ་ཕོག་སྟེ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ དར་དཀར་ནང་རྫོང་ཁག་ཁྲིམས་འདུན་གྱིས་ ཁ་ཙ་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོདཔ་ཨིན་པས།


ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༨ ལས་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་བཙུགས་ཡོདཔ་ལས་ ཁོ་གིས་ ཁྲིམས་ཟླཝ་༣ འབག་པའི་ཤུལ་ལུ་ ཟླཝ་༣ དང་ཉིན་གྲངས་༡༥ གི་ ཁྲིམས་འཐུས་བཏབ་ཅི་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་བཤདཔ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ ཚེ་འདས་བུམོ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༧ གྱི་ཕྱི་རུ་ ནོར་བདའ་འོང་བའི་ལམ་ཁར་ ས་མདའ་བཀལ་བཞག་པའི་ས་ཁོངས་ནང་ལས་ཐོན་འོང་སྟེ་ གསང་མདའ་དེ་ མོ་ལུ་ཕོག་སྟེ་ཤི་སོཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ སྐྱེས་ལོ་༥༣ འབད་མི་ཕོ་སྐྱེས་དེ་ལུ་ ཨ་ལུ་༤ ཡོད་པའི་ཁར་ ཨ་ལུ་ཚུ་ཆང་ཀུ་ཨིནམ་ལས་ ག་ར་ཁོ་ར་རྐྱངམ་གཅིག་གིས་ གསོ་སྐྱོང་འཐབ་དགོ་པས་ཟེར་ཨིན་པས།
ཕོ་སྐྱེས་དེ་ དར་དཀར་ན་ བ་རྩ་གཡུས་ཚན་ལས་ཨིནམ་ད་ ཁོ་གིས་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་སྲུང་ནིའི་དོན་ལུ་ ཞིང་གི་མཇུག་ལུ་ ས་མདའ་ཚུ་བཀལ་བཞག་ཡོདཔ་ཨིན་པས།
ཁོ་གིས་ ཨ་རྟག་འབད་བ་ཅིན་ ཕྱི་རུ་ས་མདའ་བཀལ་བཞག་མི་དེ་ དྲོ་པ་ལོག་བསྡུ་དོ་ཡོདཔ་ཨིན་རུང་ དེ་ཚེ་དྲོ་པ་ དགེ་སར་གླིང་ལུ་ ཨ་ལུ་བུཚ་གཉིས་ཀྱི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལེན་པར་ འགྱོ་དགོཔ་ཐོན་མི་ལུ་བརྟེན་ ས་མདའ་བསྡུ་ནི་ བརྗེད་སོཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ཁོ་ར་གིས་ སྙན་ཞུ་འབད་ཡོདཔ་བཞིན་དུ་ བདུན་ཕྲག་༡ གི་ཤུལ་ལས་ ཨཔ་དེ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༡༦ ལང་མི་བུཚ་དེ་ ཁྱིམ་ནང་ ལཱ་གཡོག་འབད་སྡོད་ཡོདཔ་ད་ གཞན་མི་ བུ་ཆུང་ཀུ་གཉིསཔ་དེ་ དགེ་སར་གླིང་ སློབ་གྲྭ་ཆུང་བའི་སློབ་ཕྲུག་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment