གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་རྩིས་ལྷན་ཁག་གིས་ རང་ལུགས་མདའ་རྩེད་ཀྱི་ རྒྱལ་ཁ་ཐོབ་ཡོདཔ།

རྒྱལ་ཁ་ཐོབ་སྟེ་ རྒྱལ་རྟགས་ལེན་པའི་ བརྩི་སྲུང་འབད་བའི་བསྒང་།
༉ རེས་གཟའ་ཕུར་བུ་ལུ་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ དངུལ་རྩིས་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝད་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་ཁ་ཐོབ་ཅི།


དེ་ཡང་ ཉིནམ་དང་པའི་ནང་ སྐུགས་དང་པམ་དེ་ འབྲུག་སྐྱབས་ཆ་བཟོ་སྐྲུན་གྱིས་ཆོད་རུང་ སྐུགས་གཉིས་པམ་དེ་ རྩེད་འགྲན་འབདཝ་ད་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༢༣ དང་ གཞན་མི་སྡེ་ཚན་གྱིས་ སྐུགས་༥ ཐོབ་པའི་སྐབས་ལུ་ དུས་ཚོད་ཚང་སོཔ་ཨིན་པས།
དེ་གི་འཕྲོ་མཐུད་ ཁ་ཙ་ དྲོ་པའི་ཆུ་ཚོད་༨ ལས་ རྩེད་འགྲན་འགོ་བཙུགས་པའི་སྐབས་ སྐོར་ཐེངས་དང་པའི་ནང་ར་ དངུལ་རྩིས་ལྷན་ཁག་གིས་ སྐུགས་ཆོད་ཡི།
སྡེ་ཚན་གཉིས་ཀྱིས་ སྐུགས་རེ་རེ་འདྲན་འདྲ་ཆོད་མི་ལུ་བརྟེན་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ སྐུགས་གསུམ་པའི་དོན་ལུ་ རྩེད་འགྲན་འབད་ཡི།
མཐའན་མཇུག་གི་རྩེད་འགྲན་ནང་ སྡེ་ཚན་གཉིས་ཆ་ར་གིས་ སྐུགས་ཧ་ལམ་ འདྲན་འདྲ་སྦེ་ར་ཐོབ་ཡོདཔ་ལས་ མདའ་རྩེད་ལུ་དགའ་མི་ལྟདམོ་བལྟ་བར་འཛོམས་མི་ བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ སྤྲོ་བ་སྦོམ་ར་བྱུང་སྟེ་ རྒས་ཤོས་ལ་ལུ་ཅིག་གིས་ སྐྱེསཔ་ཕོ་རྒྱ་གིས་ མི་གི་གདོང་ཁར་ཐོན་ཞིནམ་ལས་ མདའ་རྩེད་འགྲན་བསྡུར་ཟེར་མི་དེ་ ད་རིས་བཟུམ་སྦེ་ འབད་དགོ་ཟེར་སླབ་སྟེ་ ངལ་རངས་སྦོམ་བྱུང་ཡི།
ཉིན་མའི་ལྟོ་ཟ་རན་ཁར་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༡༡ དང་ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ སྐུགས་ ༩ ཐོབ་ཡོདཔ་ཨིན།
སྡེ་ཚན་༢ ཀྱིས་ རྩེད་འགྲན་སྤྲོ་བ་ཆེ་ཏོག་ཏོ་སྦེ་ འབད་ནི་དེ་གིས་ ལྟདམོ་ལྟ་བར་ འབྲུག་མི་གིས་མ་ཚད་པར་ ལྟ་བཤལཔ་ཚུ་ཡང་ ལེ་ཤ་རང་འཛོམས་ཡོདཔ་ཨིན།
ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༢༥ ཐོབ་སྟེ་ཆོད་པའི་སྐབས་སུ་ བྱང་ཕྱེད་སྡེ་ཚན་གྱིས་ སྐུགས་ ༢༠ ཐོབ་ཡོདཔ་ད་ དངུལ་རྩིས་ལྷན་ཁག་གིས་ སྐུགས་ ༤-༢༥ དང་ ༢༥-༧ དེ་ལས་ ༢༥-༢༠ སྦེ་ རྒྱལ་ཁ་འཐོབ་ཡོདཔ་ཨིན།
ཨང་དང་པ་ཐོན་མི་ལུ་ ངོ་རྐྱང་གི་གསོལ་རས་ ཁྱེགས་སྒྲོམ་རེ་དང་ གཉིས་པ་ཐོན་མི་ལུ་ རྒྱང་མཐོང་ཊི་བི་ཨིན་ཅི་༢༡ འབད་མི་རེ་ བྱིན་ཡོདཔ་མ་ཚད་ རྒྱལ་རྟགས་ཀྱི་ རྟགས་མ་ཚུ་ཡང་ བྱིན་ཡི།
གསོལ་རས་གཞན་ཡང་ རྩེད་འགྲན་འགོ་བཙུགས་པའི་ཉིནམ་ལས་ མཐའ་བཅད་འགྲན་བསྡུར་འོག་མ་ཚུན་ ཨྱོན་གྱིས་ བཀག་རེག་༡༨ ཕོག་སྟེ་ མདའ་རྩེདཔ་དྲག་ཤོས་ཀྱི་ གསོལ་རས་ ཊི་བི་ཨིན་ཅི་༣༡ འབད་མི་ཐོབ་ཡོདཔ་ད་ སྦྱིན་པ་གིས་ དོ་སྦྱེལ་མཐོ་ཤོས་དང་ པདྨ་རྒྱལ་པོ་གིས་ མདའ་ཡ་མཐོ་ཤོས་ཕོག་མིའི་ གསོལ་རས་ཚུ་ ཐོབ་པའི་ཁར་ དུང་ཆུ་དབང་འདུས་ཀྱིས་ བཀག་རེག་༧ རྐྱབ་སྟེ་ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་ཕོག་མིའི་ གསོལ་རས་ཚུ་ ཐོབ་ཡོདཔ་ཨིན།
རང་ལུགས་སྤག་ཤིང་གི་མདའ་རྩེད་ལུ་ སྤྲོ་བ་ཡོད་མི་ཨ་རྒས་དང་ ན་གཞོན་ཚུ་གིས་ ལྟོ་བཟའ་ནི་ཡང་བཤོལ་བཞག་སྟེ་ ས་ཁོངས་དེ་ནང་ ལོ་རྒྱུས་ འདྲ་མིན་སྣ་ཚོགས་སླབ་ཐོག་ལས་ ལོག་ལྟདམོ་བལྟ་ནིའི་དོན་ལུ་ བསྒུགས་སྡོདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ཨ་རྒས་ བསྟན་འཛིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དང་ཕུ་དང་ ད་རེས་ནངས་པའི་ མདའ་རྩེད་འགྲན་བསྡུར་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་འདུག་ཟེར་ཨིནམ་ད་ མདའ་རྩེད་འགྲན་བསྡུར་དེ་ མང་ཆེ་ཤོས་ར་ གཡུས་ཕྱོགས་ ཕར་ཚུར་ཕྱེ་སྟེ་ རྩེད་འགྲན་འབད་ནི་ཡོདཔ་ད་ མདའ་རྩེད་ཀྱི་ལམ་ལུགས་ཡང་ ཧེ་མ་དང་ མི་འདྲ་བས་ཟེར་ ཨིན་པས།
སྤ་རོ་ལས་ སྐྱེས་ལོ་༨༠ ལང་མི་བསྟན་འཛིན་གྱིས་ ཧེ་མ་ཁོང་གཞོནམ་སྦེ་སྡོད་པའི་སྐབས་སུ་ སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབདཝ་ད་ མདའ་རྩེདཔ་ཚུ་གིས་ གཟུགས་ཁར་ འབུ་རས་གོ་གྱོན་ཏེ་ རྩེཝ་ཨིན་རུང་ ད་རེས་ནངས་པར་ འདི་བཟུམ་ འབད་ནི་མིན་འདུག་ཟེར་ སླབ་ཡོད་པའི་ གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment