གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་གྱིས་ མར་ཁུ་ འབྲུག་ནང་འཁོད་ལས་ ཉོ་འདྲེན་འབད་དོ་ཡོདཔ།

༨/༥/༢༠༡༢

༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ཐོན་མི་ལུ་བརྟེན་ སྣུམ་འཁོར་ཡོད་མི་ཚུ་གིས་ མར་ཁུ་ཚུ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཕུན་ཚོགས་གླིང་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ཨིན་པས།


རུ་པིའི་ དཀའ་ངལ་མ་ཐོན་པའི་ཧེ་མ་འབད་བ་ཅིན་ ངང་ལམ་ཁྲོམ་ལས་ ཀི་ལོ་མི་ཊར་༥༠ གི་ས་ཁར་ཡོད་མི་ རང་ག་པ་ནི་ ས་མཚམས་ཀྱི་ཁྲོམ་ལས་ མར་ཁུ་ཚུ་བླུགསཔ་ཨིན་པས།
ཟླ་ངོ་གཉིས་ཀྱི་ཧེ་མར་ བསམ་གྲུབ་ལྗོངས་མཁར་གྱི་ ཚོང་དཔོན་ཚུ་གིས་ པེ་ཊོལ་མར་ཁུ་དང་ ཌི་ཟིལ་ཚུ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལས་ འབག་འོང་ཞིནམ་ལས་ བཙོང་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ འོང་འབབ་དང་ཅ་དམ་འགོ་དཔོན་ཚུ་གིས་ མར་ཁུ་ནག་ཚོང་འཐབ་མི་ལུ་ ཉེས་བྱ་ཡང་བཀལ་ཡོདཔ་ཨིན་པས།
ད་རེས་འབད་བའི་བསྒང་ལས་ སྣུམ་འཁོར་ཡོད་མི་ཚུ་གིས་ མར་ཁུ་བླུགས་པ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་གི་ ཁྲོམ་ཚུ་ནང་འགྱོ་བའི་སྐབས་ གཞན་སྣུམ་འཁོར་ཡོད་མི་ཚུ་གིས་ ཁོང་རའི་ཆ་རོགས་ཚུ་ལུ་ མར་ཁུ་ཉོ་བར་བཏང་དོ་ཡོདཔ་ཨིན་པས།
སློབ་གྲྭའི་སློབ་དཔོན་ ཐུབ་བསྟན་རབ་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ཐོན་ཞིནམ་ལས་ཚུར་ སྣུམ་འཁོར་ནང་ མར་ཁུ་བླུགས་ནི་གི་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡི་ཟེར་བཀོད་མི་དེ་ཡང་ རུ་པི་མེད་པའི་བསྒང་ལས་ རང་ག་པ་ནི་ལུ་ མར་ཁུ་བླུགས་པར་ འགྱོ་མི་ཚུགས་པས་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་འགུལ་གྱི་ ཁག་འབགཔ་གིས་ ས་གནས་ནང་གི་ འཕྲུལ་ཆས་ཚུ་ནང་ མར་ཁུ་བླུགས་ནིའི་དོན་ལུ་ ཕུན་ཚོགས་གླིང་ལས་ གྱིབ་དམ་ནང་ལངམ་སྦེ་ ཉོ་འབག་འོང་དོ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་བཤད་མིའི་ནང་ གདུང་བསམ་རྩི་ས་ལས་འགུལ་རྐྱངམ་གཅིག་གི་དོན་ལུ་ ཟླཝ་རེ་ནང་ མར་ཁུ་ལི་ཊར་༡༢,༠༠༠ ཤོང་བའི་ བེ་རེཊ་༧ དེ་རེ་ རྫོགསཔ་མས་ཟེར་ཨིན་པས།
འབྲུག་ས་སྣུམ་ལས་འཛིན་གྱིས་ ངང་ལམ་ལུ་ ས་སྣུམ་གྱི་གསོག་མཛོད་ཁང་ཅིག་བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་ཡོདཔ་མ་ཚད་ ས་ཆ་ལྷན་ཚོགས་ཀྱིས་ཡང་ གནང་བ་གནང་ཡི་ཟེར་ཨིན་པས།
འབྲུག་ས་སྣུམ་ལས་འཛིན་གྱི་ འཛིན་སྐྱོང་པ་ ཀེ་ཨེན་ ཆེ་ཏི་རི་གིས་འབད་བ་ཅིན་ ས་འོག་གི་ས་སྣུམ་གསོག་མཛོད་ཁང་དེ་ རྒྱ་གར་ གུ་ཧ་ཊི་ལས་ ཉིན་གྲངས་༡༥ གི་ནང་འཁོད་ལུ་ ལྷོད་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment