གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༥ འི་ནང་འཁོད་ལུ་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་ ཧྲིལ་བུམ་གྲུབ་མི་ཚུགས་ནི།

༨/༥/༢༠༡༢


གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ཨ་ལུའི་ཤི་རྐྱེན་དང་ ཨ་ལུའི་ཨའི་ཚུ་གི་ ཤི་རྐྱེན་གནས་སྟངས་ཐད་ཁར་ གྲུབ་འབྲས་ཧྲིལ་བུམ་སྦེ་ར་ བྱུང་མི་ཚུགས་ནི་ཨིན་པས།

༉ འདས་པའི་ཟླཝ་ནང་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱི་མ་དངུལ་གྱིས་ གསལ་སྟོན་འབད་མི་ རྒྱལ་སྤྱི་ལྟ་རྟོག་སྙན་ཞུ་༢༠༡༢ ཅན་མ་དང་འཁྲིལཝ་ད་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱབ་ཁབ་ཚུ་གི་ ཟ་ཆས་དང་ ཟས་བཅུད་ དེ་ལས་ ཨ་ལུ་དང་ ཨ་ལུའི་ཨའི་ལུ་ ཤི་རྐྱེན་བྱུང་མིའི་ གནས་སྟངས་ལུ་ ལེགས་བསྒྱུར་རྒྱ་ཆེ་དྲགས་མེདཔ་ལས་ ལོ་སྟོང་གོང་འཕེལ་གྱི་ དམིགས་ཡུལ་དང་འབྲེལ་བའི་ གྲུབ་འབྲས་ལེགས་ཤོམ་མིན་འདུག་ཟེར་ཨིན་པས།


སྙན་ཞུའི་ནང་ འཕྲལ་ཁམས་ཅིག་ཁར་ ཟ་ཆས་ཀྱི་ གོང་ཚད་ཡར་སེང་འགྱོ་མི་དེ་གིས་ ལོ་སྟོང་གོང་འཕེལ་གྱི་ དམིགས་ཡུལ་དང་འབྲེལ་བའི་ ལས་རིམ་དག་པ་ཅིག་གི་ གོང་འཕེལ་མདུན་ལམ་ལུ་ བར་ཆད་སྦོམ་སྦེ་ར་ རྐྱབ་ཅི་ཟེར་ཨིན་པས།
རྒྱལ་སྤྱི་ལྟ་རྟོག་སྙན་ཞུ་༢༠༡༢ ཀྱི་ ལོ་སྟོང་དམིགས་ཡུལ་དང་ ཟ་ཆས་དང་ ཟས་བཅུད་འབྲེལ་བའི་སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་ དཔེ་འབད་བ་ཅིན་ དབུལ་ཕོངས་མར་ཕབ་རྐྱབ་ནི་དང་ ཉེན་སྲུང་ཅན་གྱི་ འཐུང་ཆུ་བཀྲམ་སྤེལ་ དེ་ཚུ་ རྒྱལ་ཁབ་མང་ཤོས་ཅིག་གིས་ ཨ་ལུའི་དམིགས་ཡུལ་དེ་ གྲུབ་ཡོདཔ་མ་ཚད་ སློབ་གྲྭ་ནང་འགྱོ་མི་ བུཚ་དང་བུམོ་གི་ གྱངས་ཁའི་ཁྱད་པར་ མར་ཕབ་འབད་ནི་ཚུ་ གྲུབ་འབྲས་ལེགས་ཤོམ་བྱུང་དོ་ཡོད་རུང་ ལོ་༥ མན་ཆད་འབད་མི་ ཨ་ལུའི་ཤི་རྐྱེན་དང་ ཨའི་གི་ཤི་རྐྱེན་གནས་སྟངས་ནང་ གྲུབ་འབྲས་ཧྲིལ་བུམ་སྦེ་ར་ བྱུང་མ་ཚུགས་པས་ཟེར་ཨིན་པས།
སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཨ་ལུའི་ཨའི་གི་ ཤི་རྐྱེན་གནས་སྟངས་དེ་ དཔྱ་༣ ལས་ དཔྱ་༡ མ་གཏོགས་ མར་ཕབ་རྐྱབ་མ་ཚུགས་པའི་ཁར་ ཨ་ལུའི་ཤི་རྐྱེན་གནས་སྟངས་དེ་ཡང་ དམིགས་ཡུལ་ལས་ ད་ལྟོ་ཚུན་ བརྒྱ་ཆ་༥༠ མ་གཏོགས་ མར་ཕབ་རྐྱབ་མ་ཚུགས་པར་ཡོདཔ་ལས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་ དམིགས་ཡུལ་དེ་ སྤྱི་ལོ་༢༠༡༥ འི་ནང་འཁོད་ལུ་ གྲུབ་མི་ཚུགས་ནི་མས་ཟེར་ཨིན་པས།
ལོ་སྟོང་གོང་འཕེལ་གྱི་ དམིགས་ཡུལ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ འི་ནང་འཁོད་ལུ་ ཨ་ལུའི་ཤི་རྐྱེན་གནས་སྟངས་དེ་ དཔྱ་༣ ལས་ དཔྱ་༢ མར་ཕབ་རྐྱབ་དགོཔ་ཨིན་པའི་ཁར་ ཨ་ལུའི་ཨའི་གི་ ཤི་རྐྱེན་གནས་སྟངས་དེ་ དཔྱ་༤ ལས་༣ ལུ་ མར་ཕབ་རྐྱབ་དགོཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ སྙན་ཞུ་ཅིག་ནང་ གསལ་བཀོད་འབད་མི་དང་འཁྲིལ་བ་ཅིན་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་དང་ ཨཱཕ་རི་ཀའི་རྒྱལ་ཁབ་ཚུ་ནང་ ཨ་ལུ་སྐྱེས་ནི་དེ་ ཉེན་ཁ་ཅན་ཅིག་སྦེ་ར་ སྡོད་ནུག་ཟེར་ཨིནམ་ད་ དེ་ཡང་ ལུང་ཕྱོགས་དེ་ནང་གི་ ཨམ་སྲུ་ཚུ་ མང་ཤོས་ར ཨ་ལུ་སྐྱེས་བའི་སྐབས་ ཁྱད་རིག་ཅན་གྱི་ སྨན་གཡོགམོ་མེད་པར་ སྐྱེས་དོ་ཡོདཔ་སྦེ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་དང་ གྲོང་གསེབ་གཡུས་ཚན་ཚུ་གི་བར་ན་ ཨ་ལུ་སྐྱེས་བའི་སྐབས་ ཁྱད་རིག་ཅན་གྱི་ སྨན་གཡོགམོ་ཡོད་མེད་ཀྱི་ ཁྱད་པར་སྦོམ་ཞུགས་མི་དེ་ མར་ཕབ་འགྱོ་དོ་ཟེར་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment