གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་༡༡ པའི་དམིགས་དོན་ གྲོང་གསེབ་གོང་འཕེལ་གཏང་ནིའི་གྲོས་འཆར།



ཟླ་༣ པའི་ཚེས་༢༨།

༡༨/༥/༢༠༡༢

༉ ལོ་༥ འི་འཆར་གཞི་༡༡ པའི་ དམིགས་དོན་དེ་ གྲོང་གསེབ་གོང་འཕེལ་གཏང་ནིའི་ གྲོས་འཆར་ཡོདཔ་ཨིན་པས།
དེ་བཟུམ་མའི་ དམིགས་དོན་བཞག་དགོ་མི་དེ་ཡང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ གྲོང་གསེབ་ནང་སྡོད་མི་ མི་སེར་ཚུ་གིས་ གཡུས་ཚན་ནང་ ཐོན་སྐྱེད་ཚུ་མེད་པ་ལུ་བརྟེན་ ཁྲོམ་ཁར་ གནས་སྤོ་འོང་ནི་གི་ དཔའ་བཅམ་མས་ཟེར་ཨིན་པས།



དེ་འབདཝ་ལས་ མི་སེར་ཚུ་ ཁོང་རའི་གཡུས་ཁ་ར་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་འབད་རུང་ ཐབས་ཤེས་མ་འདྲཝ་ཚུ་ གང་དྲག་བཏོན་དགོ་པས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གློག་མེ་བཀྲམ་སྤེལ་དང་ སྣུམ་འཁོར་ལམ་ཚུ་ བཏོན་དཔ་འདྲཝ་ཅིག་འབད་བ་ཅིན་ གྲོང་གསེབ་ནང་སྡོད་མི་ཚུ་ ཁོང་རའི་ གཡུས་ཁ་ར་ སྡོད་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ མི་རྒན་རྒས་ཚུ་གི་དོན་ལུ་ གསོ་བའི་ཐོན་སྐྱེད་ཚུ་ཡང་ མེད་པའི་བསྒང་ལས་ དཀའ་ངལ་ཐོན་མི་ལུ་བརྟེན་ གསོ་བའི་ཐོན་སྐྱེད་ཚུ་ཡང་ གང་དྲག་སྦེ་ ཡར་རྒྱས་གཏང་ནི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་དང་ གྲོང་གསེབ་ནང་སྡོད་མི་༢ ཀྱི་བར་ན་ ཁྱད་པར་ལྟཝ་ད་ གྲོང་གསེབ་ནང་སྡོད་མི་ཚུ་དགའ་བས་ཟེར་ཨིནམ་ད་ དེ་ཡང་ གྲོང་གསེབ་ནང་འབད་བ་ཅིན་ ཁྱིམ་ཚང་གཅིག་གིས་གཅིག་ལུ་ ཕན་ཐོགས་ཚུགས་ནི་ཨིནམ་མ་ཚད་ སོ་ནམ་ཐོན་སྐྱེད་ཀྱི་ཐད་ལས་འབད་རུང་ དཀའ་ངལ་མི་ཐོན་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་འབད་བ་ཅིན་ རང་སོའི་ལཱ་འབད་དེ་ བཟའ་ཚང་དང་ ཆ་རོགས་ དེ་ལས་ ཁྱིམ་ཚང་ཚུ་དང་གཅིག་ཁར་ སྡོད་ནི་གི་ དུས་ཚོད་མེདཔ་མ་ཚད་ མི་ཚེ་སྤྲོ་བ་ཟེརཝ་ཅིག་ ག་ནི་ཡང་མེད་པར་ རྫོགས་དགོ་པས་ཟེར་ཨིན་པས།
ལོ་༥ འི་འཆར་གཞི་༡༡ པའི་དམིགས་དོན་དེ་ གྲོང་གསེབ་གོང་འཕེལ་གཏང་ནིའི་ གྲོས་འཆར་ཨིན་རུང་ ད་ལྟོ་ ཐག་མ་བཅད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment