གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་བཤེར་རིག་རྩལ་གོང་འཕེལ་གཏང་ནི།

ཟླ་༣ པའི་ཚེས་༢༨།
༡༨/༥/༢༠༡༢

ཁ་ཙ་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་
མཆོག་གིས་ ཁྲིམས་དཔྱད་སྦྱོང་བརྡར་གྱི་ དབུ་བཞུགས་མཛད་གནང་པའི་བསྒང་།
༉ འབྲུག་གི་ ཁྲིམས་སྲུང་འགག་སྡེའི་ རྩོད་དོན་འགོ་དཔོན་ འབྲུག་ཁྲིམས་དོན་གཙུག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ལུ་ བདུན་ཕྲག་༢ ཀྱི་རིང་ ཁྲིམས་དཔྱད་སྦྱོང་བརྡར་བྱིན་ནི་ཨིན་མི་དེ་ ཉེས་བཤེར་རིག་རྩལ་གོང་འཕེལ་གྱི་དོན་ལུ་ དམིགས་ཏེ་ཨིནམ་ལས་ ཁ་ཙ་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།


མི་དབང་ཨ་ཞེ་མཆོག་གིས་ གསུང་བཤད་གནང་མའི་ནང་ ཁྲིམས་སྲུང་འགག་སྡེ་དེ་ མི་མང་གི་ མི་ཚེའི་གནས་སྟངས་དང་ འབྲེལ་བ་ཅན་གྱི་ལཱ་འགན་འབག་མི་ཅིག་ཨིནམ་ལས་ མི་སྡེའི་ནང་ གནས་སྟངས་ལེགས་ཤོམ་བཟོ་ཐབས་ལུ་ འབད་བརྩོན་གྱི་ དོ་འགྲན་སྦོམ་བྱུང་དོ་ཡོདཔ་ལས་ སྦྱོང་བརྡར་དེ་གིས་ ཁྲིམས་དང་འབྲེལ་བའི་ ལཱ་དོན་ནང་ ཕན་ནུས་ཅན་གྱི་ ཞབས་ཏོག་ཞུ་ཚུགས་པའི་ ལྕོགས་གྲུབ་ཡར་དྲག་བཟོ་ཚུགས་པའི་རེ་བ་ཡོད་ཟེར་གསུངས་ཡི།
མི་དབང་རྒྱལ་སྲསམོ་མཆོག་གིས་གསུངས་མིའི་ནང་ ད་ལྟོ་ ཁྲོམ་སྡེ་གོང་འཕེལ་དང་ ན་གཞོན་གྱི་གྱངས་ཁ་ ཡར་སེང་འགྱོ་མི་དང་འབྲེལ་ ཁྲིམས་འགལ་གྱི་ བྱ་ངན་ནང་འབྲེལ་ཞུགས་འབད་མི་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཁྲིམས་སྲུང་ལྟ་རྟོག་འབད་མི་ལུ་དོ་འགྲན་བྱུང་བའི་སྐབས་སུ་ རྒྱུ་རྐྱེན་ཚུ་ ངོས་འཛིན་འབད་ཞིནམ་ལས་ དུས་ཚོད་ཁར་ དཀའ་ངལ་ཚུ་ སེལ་ཐབས་འབད་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྤྱི་ཁྱབ་ དྲགོས་ སྐྱིདཔ་ཅུ་རྣམ་རྒྱལ་གྱིས་ གསལ་བཤད་འབད་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ལཱ་འགན་དེ་ ཁྲིམས་སྲུང་ནི་དང་ ཁྲིམས་འགལ་གྱི་ལཱ་འབད་མི་ཉེས་ཅན་ཚུ་ ཁྲིམས་ཀྱི་འདུན་སར་བཏང་ཞིནམ་ལས་ ཉེས་བཤེར་དབྱེ་དཔྱད་འབད་དེ་ ཉེས་ཅན་ལུ་ཁྲིམས་དང་ ཉེས་མེད་ལུ་ རྒྱབ་སྐྱོར་འབད་ནི་དེ་ ཁག་ཆེས་ཤོས་ཅིག་ཨིན་ཟེར་ཨིན་པས།
སྦྱོང་བརྡར་དེ་གིས་ ཁྲིམས་སྲུང་འགག་སྡེའི་ ཉེས་བཤེར་འབད་མི་འགོ་དཔོན་ཚུ་གིས་ ཁྱད་རིག་ལྡན་པའི་ཤེས་ཡོན་ཐོབ་སྟེ་ ཉེས་བཤེར་གྱི་རིག་རྩལ་ཡར་དྲང་བཏང་ཐོག་ལས་ མི་སྡེ་ལུ་ ཕན་ཐོགས་ཚུགས་པའི་གཞི་རྩ་ཅིག་ཨིན་ཟེར་བཤད་ཅི།
ཉེས་ཤེར་དང་ ཁྲིམས་དཔྱད་ཀྱི་སྦྱོང་བརྡར་དེ་ དྲང་ཁྲིམས་དང་ རྩོད་དཔོན་ཡོངས་ཁྱབ་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་ཚུ་ནང་ལས་འོང་ནི་ཨིན་མི་གིས་ ཁྲིམས་སྲུང་འགག་སྡེའི་ནང་ ཡན་ལག་༡༢ ཡོད་པའི་ སྡེ་ཚན་ཁག་གི་ འགོ་དཔོན་དང་ དཀྱུས་མ་བསྡོམས་ཀྱིས་༤༡ གིས་བཅའ་མར་གཏོགས་ནི་ཨིན་པའི་ཁར་ ཨ་ལུ་དང་ ཨམ་སྲུ་ཚུ་དང་འབྲེལ་བའི་ ཁྲིམས་དཔྱད་སྦྱོང་བརྡར་དེ་ ཡུ་ནི་སི་ཨེཕ་དང་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལུ་ལྷན་ཚོགས་ཀྱི་ མཁས་མཆོག་ཚུ་གིས་ སློབ་སྟོན་འབད་ནི་ཨིན་ཟེར་ སྦྱོང་བརྡར་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་མདོ་ཆེན་ པདྨ་དབང་ཕྱུག་གིས་བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གཙོ་བོ་ར་ ཉེས་བཤེར་འབད་མི་ཚུ་གི་དོན་ལུ་ ཁྲིམས་ཁྲིའི་དོན་ཚན་ཚུ་ ཧ་གོ་ནི་དང་ ཉེས་བཤེར་གྱི་རིག་རྩལ་༢ གཅིག་སྒྲིལ་ཐོག་ལས་ ལག་ལེན་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
བདུན་ཕྲག་༢ ཀྱི་རིང་ལུ་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྐད་ཡིག་སྒྲ་དག་དང་ རྒྱུན་འབྲེལ་རིག་རྩལ་ལས་འགོ་བཟུང་ ཉེས་འཛུགས་ཟིན་འགོད་དང་ ཁྲིམས་དཔྱད་རིག་རྩལ་ བཅའ་ཁྲིམས་ཚུ་གི་ དོན་ཚན་དང་འབྲེལ་བའི་ ལག་ལེན་དང་ ཞིབ་དཔྱད་ཀྱི་གནད་སྤྱོད་དང་ འཛིན་བཟུང་ ཁྲིམས་སར་ངོ་སྟོན་གྱི་གནད་སྤྱོད་ཀྱི་ དོན་ཚད་ཁག་ལེ་ཤ་ཅིག་ཡོད་མི་ཚུ་གི་ སྦྱོང་བརྡར་འབད་དེ་ སྤྱི་ཟླ་༥ པའ་ིཚེས་༣༠ ལུ་ མཇུག་བསྡུ་བའི་སྐབས་ སྦྱོང་བརྡར་མཐར་འཁྱོལ་གྱི་ ལག་ཁྱེར་ཚུ་ཡང་ གནང་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment