གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་བརྙན་དྲག་ཤོས་ ཨའི་ཨེམ་བསོད་ནམས་ཀུན་དགའ་རྣམ་རྒྱལ་ཐོན་ཡོདཔ།

གློག་བརྙན་གྱི་ དུས་སྟོན་ནང་ ཨ་ལུ་ཚུ་གིས་ ཞབས་ཁྲ་རྐྱབ་པའི་བསྒང་།
སྤྱི་ཟླ་༥ པའི་ཚེས་༣༉ སྤྱི་ལོ་༢༠༡༡ ལོའི་ རྒྱལ་ཡོངས་གློག་བརྙན་དྲག་ཤོས་ཀྱི་ རྟགས་མ་མང་ཤོས་ར་ ཀུན་ལེགས་ཚེ་རིང་གིས་བཟོ་མི་ གློག་བརྙན་ཨའི་ཨེམ་བསོད་ནམས་ཀུན་དགའ་རྣམ་རྒྱལ་ནང་ལས་ ཐོབ་ཡོདཔ་ད་ གློག་བརྙན་དེ་ནང་ལས་ རྟགས་མ་བསྡོམས་༩ ཐོབ་ཅི།

དེ་གི་འོག་ལས་ རྡོ་རྗེ་དབང་མོ་གིས་བཟོ་མི་  ཨ་ཞེ་སྣང་སའི་ གློག་བརྙན་ནང་ལས་ རྟགས་མ་༦ ཐོབ་ཅི།
དེ་ལས་ འཁྲབ་རྩེདཔ་ཕོ་དྲག་ཤོས་དང་ མོ་དྲག་ཤོས་གཉིས་ཆ་ར་ ཤར་ཕྱོགས་པའི་གློག་བརྙན་༢ ནང་ལས་ ཐོན་ཡོདཔ་ད་ དེ་ཡང་ གློག་བརྙན་ཨ་ཏ་ཡོང་བ་ནང་ལས་ ཨོ་རྒྱན་རྡོ་རྗེ་དང་ འཁྲབ་རྩེདཔ་མོ་དྲག་ཤོས་དེ་ གློག་བརྙན་ཤར་ཕྱོགས་པ་ཟ་མིན་ནང་ལས་ མཚོ་སྐྱིད་མཚོ་མོ་དཀར་ཅུང་གིས་ ཐོན་ཡི།
ན་ཧིང་ འབྲུག་པའི་གློག་བརྙན་༢༦ བཟོ་མི་ལས་ རྒྱལ་ཡོངས་གློག་བརྙན་དྲག་ཤོས་ངོས་འཛིན་གྱི་དོན་ལུ་ གློག་བརྙན་༢༡ གདམ་འཐུ་འབད་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུ་མཐོ་རིམ་སློབ་གྲྭའི་ འཁྲབ་རྩེད་ཁང་ནང་ གློག་བརྙན་གྱི་ དུས་སྟོན་བརྩི་སྲུང་ཞུ་སར་ མི་དབང་རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་ དེ་ལས་ གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།


No comments:

Post a Comment