གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེད་གཡོགཔ་༡ གིས་ ཁོ་རའི་ཨམ་སྲུ་ དམར་བསད་འབད་བའི་དོགས་པ།


སྤྱི་ཟླ་༥ པའི་ཚེས་༣། ༉ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༩ ལང་མི་ ཇིབ་སམ་ལས་སྡེའི་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཅིག་གིས་ ཁོ་རའི་ཨམ་སྲུ་ དམར་བསད་འབད་བའི་དོགས་པ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་ཡང་ རེས་གཟའ་མིག་དམར་ལུ་ ཕྱི་རུའི་ཆུ་ཚོད་༧:༣༠ དེ་ཅིག་ཁར་ ཕོ་སྐྱེས་དེ་ བསམ་གྲུབ་ལྗོངས་མཁར་ལས་ ལོག་འོང་བའི་ཤུལ་ལུ་ ཁོང་བཟའ་ཚང་༢ ཁ་ཤགས་རྐྱབ་ཡོདཔ་ཨིན་པས།
ཁོང་༢ བདེ་བ་ཐང་ཁྲོམ་ལས་ དུས་ཡུན་སྐར་མ་༡༠ དེ་ཅིག་གི་ས་ཁར་ སྡོད་དོ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་བཟའ་ཚང་༢ དུས་ཡུན་རིངམ་སྦེ་ ཁ་ཤགས་རྐྱབ་སྡོད་པའི་བར་ན་ར་ འཐབ་འཛིང་འབད་ནི་ འགོ་བཙུགས་པའི་སྐབས་ ཁྱིམ་ཚང་ཚུ་གིས་ འགྲིགས་ཆ་བཟོ་སྟེ་ ལོག་སོང་ནུག་ཟེར་ཨིན་པས།
ནུབ་མོའི་ཆུ་ཚོད་༩:༣༠ དེ་ཅིག་ཁར་ ཁྱིམ་ཚང་ དེ་བི་མ་ཡ་ལུ་ ཚེ་འདས་ཀྱི་རྨགཔ་ལས་ འགྲུལ་འཕྲིན་ལྷོད་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ རྨགཔ་དེ་གིས་ འགྲུལ་འཕྲིན་ནང་ སྔུ་ཡི་ར་ གནས་ཚང་དྲན་མེད་བརྒྱལ་སོཔ་ལས་ ཁྱིམ་ནང་བལྟ་བར་ཤོག་ཟེར་ སླབ་མས་ཟེར་ཨིན་པས།
སྐྱེས་ལོ་༢༤ ལང་མི་ དེ་བི་མ་ཡ་དེ་ ཚེ་འདས་ཀྱི་ཁྱིམ་ནང་ ལྷོད་པའི་བསྒང་ལས་ རྨགཔ་དེ་ ཟླཝ་༡༡ ལང་མི་ ཨ་ལུ་བཟུང་ཡོདཔ་བཞིན་དུ་ གནས་ཚང་དེ་ དྲན་མེད་བརྒྱལ་སོ་ནུག་ཟེར་ཨིན་པས།
མོ་ར་ འདྲོག་པའི་ཤུགས་ཀྱིས་ ཁྱིམ་གྱི་ཇོ་བདག་དང་ ཁྱིམ་ཚང་གཞན་འབོ་ཞིནམ་ལས་ བདེ་བ་ཐང་ དམག་སྡེའི་སྨན་ཁང་ནང་ བསྐྱལ་བར་འགྱོ་བའི་ལམ་ཁར་ གནས་ཚང་དེ་ཤི་སོ་ནུག་ཟེར་ཨིནམ་ད་ ཚེ་འདས་ཀྱི་ ཨོལ་ལྐོག་དང་ སྒལ་ཏོ་ཁར་ རྨ་དུམ་གྲ་རེ་ བཏོན་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་ཚེ་ཕྱི་རུ་ རྨགཔ་དེ་ ཆང་འཐུང་ཡོདཔ་ཨིན་རུང་ ཆང་མ་འགྲངས་པས་ཟེར་ཨིན་པས།

ཚེ་འདས་ཀྱི་ཕུངམ་དེ་ པདྨ་དགའ་ཚལ་ལུ་ བསྐྱལ་ཡོདཔ་བཞིན་དུ་ རྨགཔ་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment