གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོ་ཁྱི་༢༥ ལུ་ཤི་རྐྱེན་དང་༩༠ དེ་ཅིག་ལུ་ སྨན་བྱིན་ཡོདཔ།

༡༢/༠༥/༡༢
མོང་སྒར་ལུ་ འགོ་དང་པ་ རོ་ཁྱིའི་ནད་གཞི་ ཀེ་ན་ཡན་ ཌིས་ཊེམ་པར་ ཁྱབ་སྤེལ་སོང་ཡོདཔ་ཨིན་པས།

༉ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་ཡོད་མི་ རོ་ཁྱི་མང་ཤོས་ར་ ཁ་ཆུ་ཐོན་ནི་དང་ གཟུགས་སྟོབས་ཉམས་ཏེ་ ཁ་ལས་སྐྱུག་ནི་ མིག་ཏོ་དམརཔོ་ཐལ་ནི་ དེ་ལས་ གློག་ཀེམ་སར་མཐོང་པ་ཅིན་ མི་ཚུ་གིས་ རོ་ཁྱི་དེ་ མཆོལ་ནད་ཐོབ་ཡོད་པའི་ དོགས་པ་ཟ་དགོཔ་མེད་མི་དེ་ཡང་ ཁྲོམ་ཁའི་རོ་ཁྱི་ལ་ལུ་ཅིག་ ཀེ་ན་ཡན་ ཌིས་ཊེམ་པར་ཟེར་མི་ རོ་ཁྱིའི་ནད་གཞི་ ཐོབ་ནི་དེ་གིས་ཨིན་པས།


ཀེ་ན་ཡན་ ཌིས་ཊེམ་པར་ཟེར་མི་ ནད་གཞི་དེ་ རོ་ཁྱིའི་མཆོལ་ནད་ མེན་ནི་དེ་གིས་ མི་ལུ་འབུ་བའི་ ཚ་གྱང་ལང་དགོཔ་མེད་ཟེར་ མོང་སྒར་རྫོང་ཁག་གི་ སྒོ་ནོར་ཌོག་ཊར་ འཇིགས་མེད་དབང་ཕྱུག་གིས་ སླབ་ཨིན་པས།
ནད་གཞི་དེ་ གཟུགས་སྟོབས་ཉམས་པའི་སྐབས་ལུ་ ཐོབ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ རོ་ཁྱིའི་གྱངས་ཁ་ ཡར་སེང་འགྱོ་བའི་སྐབས་ལུ་ ཐོབ་ཨིན་པས།
ནད་གཞི་དེ་ རོ་ཁྱི་ཚུ་ གཅིག་ལས་གཅིག་ལུ་ འབུ་དོ་ཡོདཔ་བཞིན་དུ་ ཚར་ཅིག་ཐོབ་ཞིནམ་ལས་ དྲག་ཚུགས་ནི་དེ་ དཀོན་དྲགས་ཨིནམ་ལས་ རོ་ཁྱི་ཚུ་ མང་ཤོས་ར་ ཤི་དོ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ད་ལྟོ་ཚུན་ རོ་ཁྱི་༢༥ དེ་ཅིག་ ནད་གཞི་དེ་ལུ་བརྟེན་ཏེ་ ཤི་ཡོདཔ་ད་ ད་ལས་ཕར་ ནད་གཞི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ རྫོང་ཁག་སྒོ་ནོར་ཡིག་ཚང་ལས་ སྨན་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ད་ལྟོ་ཚུན་ རོ་ཁྱི་༩༠ དེ་ཅིག་ལུ་ སྨན་བྱིན་ཡོདཔ་ཨིན་པས།
ཌོག་ཊར་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ རོ་ཁྱིའི་ ཇོ་བདག་ཚུ་གིས་ རང་སོའི་སྒོ་ཁྱི་ཚུ་ ནད་གཞི་མི་ཐོབ་ནིའི་དོན་ལུ་ སྒོ་ནོར་སྨན་ཁང་ནང་ བརྟག་དཔྱད་འབད་བར་ བསྐྱལ་དགོཔ་ཁག་ཆེ་ཟེར་ཨིནམ་ད་ མི་ཚུ་གིས་ རོ་ཁྱི་ཤི་མི་དང་ ན་མི་ཚུ་མཐོང་པ་ཅིན་ དེ་འཕྲོ་ལས་ འབྲེལ་ཡོད་ཡིག་ཚང་ནང་ སྙན་ཞུ་འབད་བ་ཅིན་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཆ་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཀེ་ན་ཡན་ ཌིས་ཊེམ་པར་ནད་གཞི་དེ་ མི་ཚུ་ལུ་ འབུ་ནིའི་ཉེན་ཁ་མེད་པའི་ ནད་གཞི་ཅིག་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་རུང་ རང་སོའི་ སྒོ་ཁར་ཡོད་པའི་རོ་ཁྱི་དང་ སེམས་ཅན་གཞན་ཚུ་ལུ་ འབུ་ནིའི་ཉེན་ཁ་ཡོདཔ་ལས་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོཔ་ གལ་ཆེ་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ བདུན་ཕྲག་༢ ཀྱི་ ཧེ་མ་ལས་ཐོན་མི་ ཀེ་ན་ཡན་ ཌིས་ཊེམ་པར་ནད་གཞི་དེ་ འགོ་དང་པ་ཨིན་པས།
ད་ཚུན་གྱི་ནང་འཁོད་ལུ་ མོང་སྒར་རྫོང་ཁག་ནང་ ཡོངས་བསྡོམས་གསོ་ཁྱི་༣༣༦ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment