གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་བི་ཡར་ ནང་འདྲེན་འབད་མི་ལུ་ངོས་ལེན།

 ༡༢/༠༥/༡༢
ཚོང་འབྲེལ་ངོ་ཚབ་ཚུ་གིས་ ནང་འདྲེན་བཀག་ཆ་འབདཝ་ཨིནམ་ མ་ཤེས་ཟེར་ སླབ་མི་དེ་ མི་བདེན་ཟེར་ ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།

༉ རྒྱ་གར་ལས་ ནང་འདྲེན་འབད་མི་ ཆང་བི་ཡར་གྱི་དོས་ཚུ་ ཕུན་ཚོགས་གླིང་ལུ་ གསལ་སྟོན་འབད་མ་ཚུགས་པར་ ཉིན་གྲངས་༦ ལུས་པའི་ཤུལ་ལས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བི་ཡར་ཚོང་འབྲེལ་ངོ་ཚབ་ཚུ་དང་ གྲོས་བསྡུར་ཞིབ་པར་འབད་ཞིནམ་ལས་ བི་ཡར་ཚུ་ མཐའན་མཇུག་གི་དོས་སྦེ་ ངོས་ལེན་འབད་ནུག།

དེ་འབདཝ་ད་ ངོས་ལེན་དང་གཅིག་ཁར་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ མ་འོངས་པ་ལུ་ འདི་བཟུམ་ནང་འདྲེན་མི་འབད་ནི་དང་ ད་ལྟོ་ཡོད་པའི་ ནང་འདྲེན་གྱི་ གནང་བའི་ཡིག་ཆ་ག་ར་ ཆ་མེད་གཏང་ནི་ཨིནམ་སྦེ་ ཁས་ལེན་འབད་ཡོདཔ་ཨིན་པས།
འབྲུག་ནང་འཁོད་ལུ་ ཆང་བི་ཡར་ནང་འདྲེན་འབད་ནི་ཚུ་ གནས་སྐབས་ཅིག་ བཀག་དམ་འབད་ཡོད་རུང་ སྤྱི་ཟླ་༥ པའི་ཚེས་༦ ལུ་ རྒྱ་གར་སི་ཀིམ་ལས་ བི་ཡར་ཧིཊ་འབག་མི་ སྣུམ་འཁོར་ཊཱག་༥ དང་ ཧ་རི་ཡ་ན་ལས་ ཕོསི་ཊར་བི་ཡར་འབག་མི་ ཊཱག་༡༠ ཕུན་ཚོགས་གླིང་གི་ སྒོ་ར་སྒོའི་ནང་ན་ འཛུལ་ཞུགས་འབད་བའི་ཤུལ་ལུ་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ གསལ་སྟོན་འབད་མ་བཅུག་པར་ བཀག་ཆ་འབད་དེ་ བཞག་ཡོདཔ་ཨིན་པས།
ཆང་བི་ཡར་གྱི་ ཚོང་འབྲེལ་ངོ་ཚབ་ཚུ་གིས་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ བཀག་དམ་འབད་ཡོདཔ་ཨིནམ་ ཁོང་གིས་ མ་ཤེསཔ་ལས་ ཅ་དམ་ཡིག་ཚང་གིས་ ནང་འདྲེན་འབད་ཚར་མི་ བི་ཡར་ཚུ་ མཐའན་མཇུག་གི་དོས་སྦེ་ ངོས་ལེན་འབད་གནང་ཟེར་ གསོལ་ཞུ་འབད་མི་དེ་ཡང་ བི་ཡར་ཚུ་ འབྲུག་ལུ་ བསྐྱལ་དགོཔ་སྦེ་ སྤྱི་ཟླ་༥ པའི་ཚེས་༣ ལུ་ མཁོ་མངགས་འབད་ཚར་བའི་ཤུལ་ལུ་ དེ་གི་ནངས་པར་ ཅ་དམ་ཡིག་ཚང་ལས་ ནང་འདྲེན་བཀག་ཆའི་ བཀའ་རྒྱ་ཐོབ་པའི་བསྒང་ལས་ བི་ཡར་གྱི་དོས་ཚུ་ རྒྱ་གར་ལས་ བཏང་ཚར་ནི་དེ་གིས་ཨིན་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ཚོང་འབྲེལ་ངོ་ཚབ་༤ གི་དོན་ལུ་ སི་ཀིམ་ལས་ ནང་འདྲེན་འབད་མི་ ཤོག་སྒྲོམ་རེ་ལུ་ ཤེལ་དམ་༡༢ རེ་ཡོད་མི་ བི་ཡར་ཧིཊ་ཤོག་སྒྲོམ་༧༠༠ དང་ ཕཱོསི་ཊར་བི་ཡར་ཤོག་སྒྲོམ་༡༡,༡༥༠ ཡོདཔ་ཨིན་པས།
བི་ཡར་གྱི་ དོས་འབག་མི་ སྣུམ་འཁོར་ཊཱག་ཚུ་ ཁ་ཙ་དྲོ་པར་རྐྱངམ་གཅིག་ རྒྱ་གར་ལུ་ ལོག་སོང་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་ཅིག་གིས་འབད་བ་ཅིན་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༣ ལུ་ མཁོ་མངགས་འབད་བའི་ ཡིག་ཆ་ངེས་ཏིག་ཨིན་པའི་ཁར་ གཉིས་པ་འབདཝ་ད་ གལ་སྲིད་ ཊཱག་གི་ དེད་གཡོགཔ་ཚུ་གིས་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ རྒྱ་གར་ལུ་ ལོག་འབག་འགྱོ་བ་ཅིན་ ཁོང་ར་གིས་ ཟད་འགྲོ་གཏང་དགོཔ་མ་ཚད་ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ཡང་ དྲི་ཞིབ་འབད་ནི་གི་ འོས་འབབ་ཡོད་མི་ཚུ་ལུ་ ལྟ་ཞིབ་འབད་དེ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱིས་འབད་བ་ཅིན་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ བཀག་དམ་གྱི་སྐོར་ལས་ ཧ་མ་གོ་ཟེར་ སླབ་མི་དེ་ མི་བདེན་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment