གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་བཅུ་པའི་ལཱ་ མཇུག་མ་བསྡུ་མི་ཚུ་ འཆར་གཞི་བཅུ་གཅིག་པའི་ནང་ གཙོ་རིམ་བཟུང་ནི།


ཟླ་༣ པའི་ཚེས་༢༤། ༥/༡༤/༢༠༡༢



༉ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༡༥ ལུ་མར་ཕབ་རྐྱབ་ནི་དེ་ ལོ་ལྔའི་འཆར་གཞི་བཅུ་པའི་དམིགས་ཡུལ་ཅིག་ཨིན་པའི་ཁར་ འཆར་གཞི་བཅུ་གཅིག་པའི་ནང་ཡང་ ལས་རིམ་དེ་གི་ཐོག་ལུ་ར་ ལཱ་འབད་ནི་དེ་ གཙོ་རིམ་ཅན་ཅིག་སྦེ་ར་ ལུས་ནི་ཨིན་པས།



སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ འཆར་གཞི་བཅུ་གཅིག་པའི་ ལམ་སྟོན་ལག་དེབ་དང་འཁྲིལཝ་ད་ འཆར་གཞི་བཅུ་གཅིག་པའི་ དམིགས་ཡུལ་གཙོ་བོ་དེ་ སོ་ནམ་གྱི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གཏང་ནི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ གནམ་གཤིས་གནས་སྟངས་ལེགས་འགྱུར་འབད་ནི་ དེ་ལས་ རང་བཞིན་ཐོན་སྐྱེད་ཚུ་ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་ གཙོ་བོ་བཏོན་ནི་ཟེར་ཨིན་པས།
ཉེན་སྲུང་ལྡན་པའི་ བཞེས་སྒོའི་ཟད་བཅུད་ཡར་སེང་དང་འབྲེལ་བའི་ མི་སྡེའི་འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ རྒྱ་བསྐྱེད་འབད་ནི་ རང་བཞིན་ཐོན་སྐྱེད་ཀྱི་རིགས་ཚུ་ ཡུན་བརྟན་སྦེ་ ལག་ལེན་འཐབ་ཐོག་ལས་ གཙོ་རིམ་ཅན་གྱི་ འཆར་གཞི་བཅུ་གཅིག་པའི་དམིགས་ཡུལ་ཚུ་ འགྲུབ་ཐབས་འབད་ནི་ཨིན་པས།
འཆར་གཞི་བཅུ་གཅིག་པའི་ ལམ་སྟོན་དང་འཁྲིལཝ་ད་ འཆར་གཞི་བཅུ་གཅིག་པའི་ནང་ རྒྱལ་ཁབ་ནང་ འབྲུ་སྣའི་ཐོན་སྐྱེད་ཊཱོན་༡༩༥,༠༠༠ དང་ ཤའི་ཐོན་སྐྱེད་ཊཱོན་༢,༥༩༥ སྒོང་རྡོག་གི་ཐོན་སྐྱེད་ དབྱེ་ཁག་༣༩ བཟོ་ནི་ ཨོམ་གྱི་ཐོན་སྐྱེད་ཊཱོན་༣༤,༠༠༠ ཚོད་བསྲེ་ཊཱོན་༡༤༥,༠༠༠ ཨ་ལཱེན་ཇི་དང་ ས་སྒ་ཊཱོན་༦,༠༠༠ དེ་ལས་ ལོ་ཐོག་ཊཱོན་༢,༠༠༠ བཟོ་ཐོག་ལས་ དམིགས་ཡུལ་ཚུ་ གྲུབ་དགོཔ་ཨིན་པས།
དེ་ལས་ ཤིང་འབྲས་ཀྱི་རིགས་དང་ སྟར་གོ་ཊཱོན་༡༠༠,༠༠༠ དང་ རྒྱལ་ཁབ་ནང་ ཆུ་ཚོད་༡ རྐང་སྟོང་སྦེ་ འགྱོ་དགོ་པའི་ སྣུམ་འཁོར་ལམ་སེལ་དགོཔ་ བརྒྱ་ཆ་༤༢.༧ ཡོད་མི་ལས་ བརྒྱ་ཆ་༣༠ ལུ་ མར་ཕབ་འབད་ནི་དང་ སྐྱོ་དྲག་ཅན་གྱི་སོ་ནམ་ཞིང་ལམ་གྱི་ གནས་སྟངས་ལེགས་ཤོམ་བཟོ་ཐོག་ལས་ མཐུན་རྐྱེན་ལེགས་ཤོམ་ཡོདཔ་བཟོ་ནི་ དེ་ལས་ བཞེས་སྒོ་བགོ་བཀྲམ་དང་ ཚོང་འབྲེལ་གྱི་མཐུན་རྐྱེན་ཁག་༡༦ གཞི་བཙུག་འབད་ནི་ཨིན་པས།
རང་བཞིན་གནས་སྟངས་ལས་བྱུང་བའི་ ཤིང་མིན་ཐོན་སྐྱེད་ལག་ལེན་འཐབ་མི་ དབྱེ་ཁག་༤༡ ཡོད་མི་ལས་ སྡེ་ཚན་༦༠ ལུ་བཟོ་ནི་དང་ སོ་ནམ་གྱི་དོན་ལུ་ ས་ཆ་ཨེ་ཀར་༥༦,༤༣༨ ཡོད་མི་དེ་ འཆར་གཞི་མཇུག་བསྡུ་ཁམས་ལུ་ ས་ཆ་ཨེ་ཀར་༦༦,༤༣༨ ལག་ལེན་འཐབ་ཚུགསཔ་བཟོ་ནི་ཨིན་པས།
འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ཚུ་གི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་༡༥,༡༨༧ བཀལ་མི་དེ་ འཆར་གཞིའི་ནང་༥,༠༠༠ ལུ་མར་ཕབ་འབད་ནི་དང་ ཆུ་གཡུར་བསལ་ནི་ བརྒྱ་ཆ་༢༠ ལས་ བརྒྱ་ཆ་༢༥ ལུ་ ཡར་སེང་འབད་ནིའི་དམིགས་ཡུལ་ཡོདཔ་ད་ སྐམ་ཞིང་ཡུན་བརྟན་སྦེ་ འཛིན་སྐྱོང་འཐབ་མི་ བརྒྱ་ཆ་༤ ལས་ བརྒྱ་ཆ་༡༥ ལུ་ཡར་སེང་འབད་ནི་ཨིན་པས།
སློབ་གྲྭ་ཁག་ནང་ སོ་ནམ་ལས་རིམ་༢༠༠ ཡོད་མི་ལས་༣༠༠ ལུ་ཡར་སེང་འབད་ནི་དང་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནིའི་ཐབས་བྱུས་ལས་རིམ་ཚུ་ རྒེད་འོག་༡༥ ལས་ རྒེད་འོག་༤༢ ལུ་ཡར་སེང་འབད་ནི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚུ་ གྲོང་གསེབ་མི་སེར་ཚུ་གིས་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་ དངུལ་ཀྲམ་ས་ཡ་༢,༠༣༨ ཡོད་མི་དེ་ དངུལ་ཀྲམ་ས་ཡ་༤,༢༨༠ ལུ་ཡར་སེང་འབད་ནིའི་དམིགས་ཡུལ་ཡོདཔ་ཨིན་པས།
ད་ལྟོ་ ཡན་ལག་ནགས་ཚལ་ཡུན་བརྟན་སྦེ་ འཛིན་སྐྱོང་འཐབ་མི་དེ་ བརྒྱ་ཆ་༦.༦ སྦེ་གནས་ཏེ་ཡོདཔ་ལས་ དེ་ཡང་ བརྒྱ་ཆ་༡༢ ལུ་ཡར་སེང་འབད་ནི་ཨིན་པའི་ཁར་ སོ་ནམ་དང་འབྲེལ་བའི་ཚོང་ལས་ཁང་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ ཡར་སེང་འབད་ནིའི་ཐབས་ལམ་བཏོན་ནི་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༨ དང་༩ རེས་གཟའ་ལྷག་པ་དང་ ཕུར་བུ་ལུ་ རྫོང་ཁག་༢༠ ལས་ སོ་ནམ་འགོ་དཔོན་ཚུ་དང་ ནགས་ཚལ་གླིང་ཁ་ཞབས་ཏོག་ལྟེ་བའི་ འགོ་དཔོན་ཚུ་གིས་ ཉིན་གྲངས་༢ ཀྱི་རིང་ལུ་ འཆར་གཞི་བཅུ་པའི་ གྲུབ་འབྲས་སྙན་ཞུ་དང་ དམིགས་ཡུལ་གྲུབ་མ་ཚུགས་མི་ཚུ་ ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནང་ གཙོ་རིམ་བཟུང་ནིའི་གནད་དོན་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་འཚོགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment